ཆབ་ཆ་ཕྱོགས་སུ་བོད་མི་དང་རྒྱ་མི་ལས་ཀ་བའི་བར་འཁྲུག་རྩོད་ཤོར་འདུག


2018.10.17
ཆབ་ཆ་ཕྱོགས་སུ་བོད་མི་དང་རྒྱ་མི་ལས་ཀ་བའི་བར་འཁྲུག་རྩོད་ཤོར་སྐབས། ༢༠༡༨།༡༠།༡༡ ཆབ་ཆ་ཕྱོགས་སུ་བོད་མི་དང་རྒྱ་མི་ལས་ཀ་བའི་བར་འཁྲུག་རྩོད་ཤོར་སྐབས། ༢༠༡༨།༡༠།༡༡
བོད་འབྱོར།

མདོ་སྨད་ཆབ་ཆ་རྫོང་ཆོས་རྗེ་ཡུལ་ཚོའི་མཆོད་རྟེན་ཐང་སྡེ་བའི་ས་གནས་ཡུལ་མི་དང་རྒྱ་མི་ལས་ཀ་བའི་བར་འཁྲུག་རྩོད་ཤོར་ནས་ཉུང་མཐར་མི་གཉིས་ལ་རྨས་སྐྱོན་ཕོག་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༨་ལོའི་ཟླ་༡༠་བའི་ཚེས་༡༡་ཉིན། མདོ་སྨད་ཡུལ་དུ་རྒྱ་ནག་གིས་ཆ་བགོས་བྱས་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཆབ་ཆའམ་གསེར་ཆེན་རྫོང་ཁོངས། ཆོས་རྗེ་ཡུལ་ཚོའི་མཆོད་རྟེན་ཐང་སྡེ་བའི་ཉེ་འཁོར་སུ་རྒྱ་ནག་གིས་ཉི་གློག་བཙུགས་ནས་གློག་སྣོད་ས་འོག་ལ་འཇུག་པའི་ལས་གཞི་ཞིག་སྤེལ་བཞིན་པའི་སྐབས། ས་གནས་ཡུལ་མི་ཚོས་སྔོན་ལ་གུན་གསབ་སྤྲོད་རྒྱུ་དང་ཡང་ན་གན་རྒྱ་མ་བཞག་པར་ལས་གཞི་འགོ་འཛུགས་མི་ཆོག་ཚུལ་གྱིས་འགོག་ཐབས་བྱས་བར་བརྟེན་ས་གནས་ཡུལ་མི་ཁག་ཅིག་དང་རྒྱ་མི་ལས་ཀ་བའི་བར་འཁྲུག་རྩོད་ཤོར་ནས་ཉུང་མཐར་མི་གཉིས་ལ་རྨས་སྐྱོན་ཕོག་འདུག
དེའི་ཐད་ས་གནས་བོད་མི་ཞིག་གིས་བརྗོད་དོན། དོན་རྐྱེན་དེ་ནི་ས་གནས་དེ་ནས་ཉི་གློག་འཛུགས་པར་རྩྭ་ས་བརྒྱུད་ནས་རླངས་འཁོར་ཆེ་ཆུང་མང་པོ་འགྲོ་དགོས་བར་བརྟེན་ས་བདག་ཡུལ་མི་ཚོར་དཔལ་འབྱོར་གྱི་གུན་ཟབ་སྦྱོད་རྒྱུ་བྱས་ཡོད་པ་མ་སྤྲད་པར་ལས་གཞི་འགོ་འཛུགས་ཐབས་བྱས་བ་དང་། དེ་ནས་ས་བདག་ཡུལ་མི་ཚོས་དུས་ཐོག་གུན་གསབ་སྤྲོད་དགོས་བ་དང་ཡང་ན་གུན་གསབ་སྤྲོད་རྒྱུའི་མོས་མཐུན་ཡིག་ཆ་འཇོག་དགོས་ཚུལ་བཤད་པ་དེར་ཡང་ངོས་ལེན་མ་བྱས་བར་བརྟེན་མཆོད་རྟེན་ཐང་སྡེ་བའི་ས་གནས་ཡུལ་མི་དང་རྒྱ་མི་ལས་ཀ་བའི་བར་འཁྲུག་རྩོད་ཤོར་སྐབས་རྒྱ་མི་ལས་ཀ་བ་ཚོས་བོད་མི་ཚོར་རུབ་རྡུང་བྱས་བ་དང་རླངས་འཁོར་གྱིས་རྒྱབ་ནས་ཉུང་མཐར་མི་གཉིས་ལ་རྨས་སྐྱོན་ཕོག་རྐྱེན་ད་སྐབས་སྨན་ཁང་དུ་ཡོད་པ་དང་། རྗེས་སུ་ས་གནས་ཡུལ་མི་ཇེ་མང་ལ་སོང་བ་དང་ས་གནས་རྒྱ་ནག་གི་ཉེན་རྟོག་པ་སོགས་འབྱོར་ནས་ཉི་གློག་འཛུགས་པའི་ལས་གཞི་གནས་སྐབས་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་བརྗོད་བྱུང་།
བོད་མི་གཞན་ཞིག་གིས། དོན་རྐྱེན་དེའི་ཁྲོད་ཉུང་མཐར་བོད་མི་གཉིས་ལ་རྨས་སྐྱོན་ཕོག་པ་དང་རྒྱ་མི་ལས་ཀ་བ་ཁ་ཤས་འཛིན་བཟུང་བྱས་ཡོད་ཀྱང་རྗེས་སུ་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་ཟེར།
འདས་བའི་ནང་རྒྱ་ནག་གཞུང་གིས་བོད་ནང་འབྲོག་པ་གྲོང་ཚོ་ཅན་ལ་བསྒྱུར་བ་དང་། ས་གནས་སུ་ཡར་རྒྱས་འཛུགས་བསྐྲུན་ཞེས་བའི་མིང་ཐོག་ལས་གཞི་འདྲ་མིན་སྤེལ་བར་ས་གནས་ཡུལ་མིའི་འདོད་བློ་མ་ཁེངས་བ་དང་། མ་མཐུན་པའི་རྩོད་རྙོག་ཡང་སེ་ཡོང་བཞིན་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎