བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་འགན་འཛིན་གནས་དབྱུང་།


2017.01.20
བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་འགན་འཛིན་གནས་དབྱུང་། བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་འགན་འཛིན་ཀུན་དགའ་ནོར་བུ།
རྒྱ་ནག་གི་གཞུང་འབྲེལ་དྲ་ཚིགས།

བོད་རང་སྐྱོང་ལྗོངས་བོད་སྨན་བདུད་རྩི་རྟགས་ཅན་མ་རྐང་ཚད་ཡོད་ཀུང་སི་ཡི་སྤྱི་ཁྱབ་འགན་འཛིན་ཀུན་དགའ་ནོར་བུ་ལགས་དམར་ཤོག་ཚོགས་ཁོངས་དང་ལས་གནས་ནས་གནས་དབྱུང་བཏང་འདུག
དེ་ཡང་སྤྱི་ཟླ ༡ ཚེས ༢༠ཉིན། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་དྲྭ་རྒྱར་བཏོན་པའི་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཆོག་མཆན་བཀོད་པ་ལྟར་དུ། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་བདུད་རྩི་རྟགས་ཅན་མ་རྐང་ཚད་ཡོད་ཀུང་སི་ཡི་སྤྱི་ཁྱབ་འགན་འཛིན་ཀུན་དགའ་ནོར་བུ་ལགས་ཀྱིས་ཁྲིམས་འགལ་ལུགས་དཀྲུག་ཚབས་ཆེན་བྱས་རྐྱེན་ཉེས་དོན་ཐོ་འགོད་བྱས་ནས་ཞིབ་དཔྱད་བྱས་ཡོད་པ་རེད།
དེ་ཡང་གོང་ཞུས་རྒྱ་ནག་གཞུང་འབྲེལ་དྲྭ་རྒྱར་བཀོད་པའི་གནས་ཚུལ་ནང་དུ། ཀུན་དགའ་ནོར་བུ་ལགས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ལམ་དང་འགལ་བ། རྒྱ་ནག་དབུས་གཞུང་གིས་གཏན་འབེབས་དོན་ཚན་བརྒྱད་གྱི་དགོངས་དོན་དང་རྒྱབ་འགལ་བྱས་ལུགས་སོགས་ཉེས་པ་མང་པོ་བསགས་ཡོད་ཚུལ་བཀོད་འདུག་པའི་མ་ཚད། ཀུན་དགའ་ནོར་བུ་ལགས་དམར་ཤོག་ཚོགས་མི་ཞིག་དང་། རྒྱལ་གཉེར་ཁེ་ལས་འགོ་ཁྲིད་པ་ཞིག་ཡིན་པའི་ཆ་ནས། ཕུགས་བསམ་འདུ་ཤེས་བརླག་ནས་དམར་ཤོག་ཚོགས་པའི་སྒྲིག་སྲོལ་དང་འགལ་བ་མ་ཟད། དམར་ཤོག་ཚོགས་པའི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ད་དུང་ཡང་ཚོད་མི་འཛིན་མཚམས་མི་འཇོག་པར་རང་གཤིས་ངན་ཞིང་ཉེས་སྤྱོད་ངན་ཚབས་ཆེ་བས། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་སྲོལ་གཞིར་བཟུང་ནས། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ལྟར། ཀུན་དགའ་ནོར་བུ་ལགས་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་དང་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་དང་། ཁོང་དང་འབྲེལ་ཡོད་གནད་དོན་ཡོད་ཚད་ཁྲིམས་འཛིན་ལས་ཁང་ལ་རྩིས་སྤྲད་ནས་ཁྲིམས་ལུགས་ལ་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་བཀོད་འདུག
ཡིན་ན་ཡང་ཤེས་རྟོགས་བྱུང་པ་ལྟར་ན། ས་གནས་མང་ཚོགས་ཁྲོད་དུ་ཀུན་དགའ་ནོར་བུ་ལགས་ལ་གདེང་འཇོག་མཐོ་ཞིང་ལྟ་ཚུལ་བཟང་པོ་བཟུང་འདུག
ཀུན་དགའ་ནོར་བུ་ལགས་སྤྱི་ལོ ༡༩༦༨ ལོར་ལྟ་ས་གྲོང་ཁྱེར་དུ་སྐྱེས་ཤིང་། ༡༩༩༡ལོར་གཞུང་ཞབས་སུ་ཞུགས་པ་དང་། དེ་སྔ་བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་འགན་འཛིན་གྱི་ཕྱག་ལས་གནང་མྱོང་ཡོད་འདུག
སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎