རྒྱ་ནག་གཞུང་གིས་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་གསར་འགོད་པ་ཁག་ཅིག་བོད་ནང་ཁྲིད་ནས་དྲིལ་སྒྲོག་ཡོང་ཐབས་བྱེད་ཀྱི་འདུག

2023.10.12
རྒྱ་ནག་གཞུང་གིས་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་གསར་འགོད་པ་ཁག་ཅིག་བོད་ནང་ཁྲིད་ནས་དྲིལ་སྒྲོག་ཡོང་ཐབས་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་བོད་ནང་ཁྲིད་པའི་ཕྱིའི་གསར་འགོད་པ་ཁག་ཅིག ༡༠།༢༠༢༣
Chinese State Media

དེ་ཡང་ཉེ་ལམ་ཕྱི་ཟླ་༡༠པའི་ཚེས་༣་ནས་༨་བར་རྒྱ་ནག་གཞུང་འབྲེལ་གྱི་རྒྱ་ནག་རྒྱལ་སྤྱིའི་གསར་འགྱུར་བརྗེ་རེས་བསྟི་གནས་ཁང་གི་བཀོད་སྒྲིག་འོག རང་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་གི་གསར་འགོད་པ་༣༠ཙམ་བོད་ཀྱི་རྒྱལ་ས་ལྷ་ས་དང་། ཀོང་པོ་ཉིང་ཁྲི་སོགས་སུ་གཟིགས་སྐོར་དུ་ཁྲིད་པ་དང་མཉམ། བོད་ཀྱི་འཕེལ་རྒྱས་དང་བོད་མིའི་འཚོ་བ་ལེགས་པོ་ཡོད་ཚུལ་གྱི་སྐོར་བཀོད་པའི་གནས་ཚུལ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཤུགས་ཆེན་བསྒྲགས་བཞིན་ཡོད་པ་རེད། ཡིན་ན་ཡང་གནད་དོན་དབྱེ་ཞིབ་པས་དེ་ནི་རྒྱ་ནག་གཞུང་གི་བཀོད་སྒྲིག་འོག་ཕྱིན་པ་ལས་བོད་ཀྱི་དངོས་ཡོད་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་མེད་པར་ངོས་འཛིན་བྱེད་བཞིན་འདུག་མ་ཟད། དེ་ནི་རྒྱ་ནག་རང་ཉིད་ཀྱིས་བོད་ཀྱི་གནས་ཚུལ་དྲིལ་བསྒྲགས་ལ་ཕྱི་ཕྱོགས་ནས་ཡིད་ཆེས་མེད་དུས་མཐུན་ཕྱོགས་རྒྱལ་ཁབ་གཞན་གྱི་གསར་འགོད་པ་ཚོ་བེད་སྤྱོད་ཀྱིས་དྲིལ་བསྒྲགས་ཀྱི་ཐབས་ལམ་འཚོལ་བཞིན་པ་བརྗོད་ཀྱི་འདུག
གོང་ཞུས་ཕྱི་རྒྱལ་གྱི་གསར་འགོད་པ་དེ་དག་ནི་པ་ཀི་སི་ཐན་དང་། བལ་ཡུལ། བྷེ་རུ་ལ་སི་(Belarus) ཨེ་ཐོ་བྷི་ཡ་(Ethiopia) ཆེ་ལི(Chile) ཤར་ཏི་མོ་སོགས་རྒྱལ་ཁབ་ཀྱི་རླུང་འཕྲིན་ཁང་དང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཡིན་པ་དང་། རྒྱལ་ཁབ་དེ་དག་ནི་ནམ་རྒྱུན་རྒྱ་ནག་གི་དཔལ་འབྱོར་གྱི་རྒྱབ་སྐྱོར་ལ་ཤུགས་ཆེན་བསྟེན་དགོས་པ་ཤ་སྟག་ཆགས་ཀྱི་ཡོད་པ་རེད།
རྒྱ་ནག་ནང་རྒྱ་ནག་གཞུང་གི་བཀོད་སྒྲིག་འོག་གསར་འགོད་པ་ཁ་ཤས་མ་གཏོགས་རང་དབང་སྒོ་ནས་ནུབ་ཕྱོགས་གསར་འགོད་པ་བོད་ནང་གཏོང་གི་མེད་པ་དང་། བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། དེང་སྐབས་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་དང་། རང་སྐྱོང་སྲོལ་ཡིག་ལག་བསྟར་བྱེད་ཀྱི་མེད་པ། ཁོར་ཡུག་གཏོར་བརླག་གཏོང་བཞིན་པ་སོགས་ཀྱི་ཐད་གླེང་སློང་ཤུགས་ཆེ་བྱེད་བཞིན་པར་བརྟེན་རྒྱ་ནག་གིས་འཁོས་ཞན་རྒྱལ་ཁབ་ཁ་ཤས་ཀྱི་གསར་འགོད་པ་ཁག་ཅིག་གཞུང་གི་བཀོད་སྒྲིག་འོག་བོད་ཀྱི་རྒྱལ་ས་ལྷ་ས་དང་ཀོང་པོ་ཉིང་ཁྲི་བཅས་ས་ཆ་ཡག་ཤོས་ཀྱི་ཆ་རྐྱེན་ཅུང་ཡག་པོ་ཡོད་པའི་ས་ཁུལ་ཁ་ཤས་ལ་ཁྲིད་ནས་ཁོ་ཚོ་བེད་སྤྱོད་ཀྱིས་ཕྱི་ཕྱོགས་ལ་རྒྱ་ནག་གི་དྲིལ་སྒྲོག་ཡོང་ཐབས་བྱེད་བཞིན་པ་རེད། ཁོང་ཚོ་རྒྱ་ནག་གཞུང་གི་བཀོད་སྒྲིག་འོག་ཕྱིན་པ་ཡིན་པས་བོད་ཀྱི་དངོས་ཡོད་གནས་ཚུལ་རྒྱུས་ལོན་བྱེད་དབང་མེད་པ་དང་བྱེད་དཀའ་བ་དངོས་ཡོད་རེད། དེ་བས་རྒྱ་ནག་གཞུང་གིས་བྱེད་ཐབས་ག་རེ་སྤྱད་ཀྱང་བོད་ཀྱི་གནས་སྟངས་ངོ་མ་དེ་སྦས་གསང་བྱེད་ཐབས་མེད་པ་བརྗོད་བྱུང་།


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎