བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་སྲིད་གཞུང་གི་འགོ་ཁྲིད་གཞོན་པ་ཟུར་བ་ཞིག་བཀག་ཉར་བྱས་འདུག

2022.09.30
བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་སྲིད་གཞུང་གི་འགོ་ཁྲིད་གཞོན་པ་ཟུར་བ་ཞིག་བཀག་ཉར་བྱས་འདུག བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་སྲིད་གཞུང་གི་འགོ་ཁྲིད་གཞོན་པ་ཟུར་བ་ཀྲང་ཡུང་ཙེ་(Zhang Yongze)
Chinese State Media

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་སྲིད་གཞུང་གི་འགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་པ་བཙུགས་ནས་བཀག་ཉར་གྱིས་རྟོག་ཞིབ་བྱེད་བཞིན་ཡོད་འདུག
དེ་ཡང་(AP)་གསར་ལས་ཁང་གིས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ལུངས་དྲངས་ནས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་སྲིད་གཞུང་གི་འགོ་ཁྲིད་གཞོན་པ་ཟུར་བ་ཀྲང་ཡུང་ཙེ་(Zhang Yongze)་ཟེར་བས་ལྐོག་ཟ་རུལ་སུངས་བྱས་པའི་དབང་གིས་བཀག་ཉར་དང་རྟོག་ཞིབ་བྱེད་ཀྱིན་ཡོད་པའི་གནས་ཚུལ་འཁོད་འདུག་ལ། ཤིན་ཧཱ་གསར་འགྱུར་ནང་། ཀྲང་ཡུང་ཙེ་ཟེར་བས་རང་ཉིད་ཀྱི་དབང་ཆ་བེད་སྤྱད་ནས་ལྐོག་དངུལ་འབོར་ཆེན་བླངས་ཏེ་ཁྲིམས་འགལ་གྱིས་མི་གཞན་གྱི་གོ་གནས་སྤར་བ་སོགས་ཀྱི་ནག་ཉེས་ཚབས་ཆེན་བྱས་པའི་དབང་གིས། ད་ལྟ་ཁོའི་གྱོད་དོན་དེར་རྒྱ་ནག་གི་ཧྲའན་ཞི་ཞིང་ཆེན་གྱི་ཞིབ་དཔྱོད་ཁང་དང་ཁྲིམས་ཁང་གིས་ཞིབ་དཔྱོད་དང་ཐག་གཅོད་བྱེད་ཀྱིན་ཡོད་པའི་སྐོར་འཁོད་ཡོད་འདུག
དེ་འབྲེལ་(AP)་གསར་འགྱུར་ལས་ཁང་གིས། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོག་ལ་ཉེ་བའི་སྐབས་སུ་འཛིན་བཟུང་བྱས་པའི་འགོ་ཁྲིད་མཐོ་ཤོས་ཀྱི་གྲས་ཡིན་པའི་སྐོར་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེང་གིས་ལྐོག་ཟ་རུལ་སུངས་ཟེར་བའི་སྲིད་ཇུས་བེད་སྤྱད་ནས་རང་ཉིད་དང་ལྟ་སྤྱོད་མི་མཐུན་པའི་ཤོག་ཁག་མེད་པར་གཏོང་བཞིན་པ་ཞིག་ཡིན་པ་དང་། སྤྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཁུལ་གྱི་ཡར་ལངས་ཆེན་མོར་ཡ་ང་སྙིང་རྗེ་མེད་པར་དྲག་གནོན་དང་། མི་མང་སྟོང་ཕྲག་མང་བོ་འཛིན་བཟུང་དང་དམར་གསོད་བཏང་བའི་གྲངས་འབོར་དངོས་མ་དེ་ཤེས་རྟོགས་དཀའ་བར་ལྷག་ཡོད་པ་གནས་ཚུལ་འཁོད་ཡོད་འདུག

གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎