ཨཕ་ག་ནིསྟན་ནང་ཨིན་ཇིའི་དམག་མི་གཅིག་རྐྱེན་ལམ་དུ་བཏང་བ།

ཨིན་ཡུལ་གྱི་དམག་མི་གཅིག་ཨཕ་ག་ནིསྟན་ནང་གྱེན་ལོག་ཤོག་ཁག་དང་འཐབ་རྩོད་སྐབས་རྐྱེན་ལམ་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

2011.10.16

༄༅༎ཨིན་ཡུལ་གྱི་གོར་ཁའམ་བལ་ཡུལ་གྱི་མི་རིགས་ཀྱི་དམག་མི་གཅིག་ཨཕ་ག་ནིསྟན་གྱི་ཧེལ་མན་ཞིང་ཆེན་གྱི་ན་ཧར་ཨི་ས་ར་ཇེ་ཞེས་པའི་ས་ཁུལ་ནང་གྱེན་ལོག་ཤོག་ཁག་དང་འཐབ་རྩོད་སྐབས་རྐྱེན་ལམ་དུ་ཕྱིན་ཡོད་ལུགས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག  ཕྱི་ལོ་༢༠༠༡ལོར་རྒྱལ་སྤྱིའི་དཔུང་དམག་ཨཕ་ག་ནིསྟན་དཔུང་འཇུག་འགོ་བཙུགས་པ་བཟུང་ད་བར་ཨིན་ཇིའི་དམག་མི་༣༨༣གྱི་ཚེ་སྲོག་ཤོར་ཡོད་པ་ནས་༣༣༨གོ་མཚོན་ལག་ཆའི་འོག་རྐྱེན་ལམ་དུ་ཕྱིན་ཡོད་འདུག། ལོ་འདིའི་ནང་གོང་ཞུས་མིང་འདོན་མེད་པའི་དམག་མི་གཙོས་པའི་ཨིན་ཇིའི་དམག་ཞབས་པ་༣༥རྐྱེན་ལམ་དུ་ཕྱིན་ཡོད་འདུག། ཨཕ་ག་ནིསྟན་ནང་ཨིན་ཇིའི་དཔུང་དམག་དགུ་སྟོང་ལྔ་བརྒྱ་ཐམ་པ་ཡོད་པ་དེ་ནི་ནེ་ཊོ་སྤྱི་ཆིངས་སྒྲིག་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་དམག་མང་ཤོས་གཉིས་པ་དེ་ཡིན་པ་དང་ མང་ཆེ་བ་གྱེན་ལོག་པ་ཏ་ལི་བྭན་གྱི་ལྟེ་གནས་ཧེལ་མན་ཞིང་ཆེན་ནང་རྟེན་གཞི་བྱས་ཡོད་རེད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་ནང་གྲགས་ཆེ་བའི་གོར་ཁའི་དམག་མི་འབུམ་གཉིས་ཙམ་ཨིན་ཇིའི་དམག་ཞབས་ཞུས་ཡོད་པ་ནས་བཞི་ཁྲི་ལྔ་སྟོང་ལྷག་དམག་ཤར་རྐྱེན་ལམ་ཕྱིན་ཡོད་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎