དབྱིན་ཇིའི་རྒྱལ་སྲས་དང་བཙུན་མོ་གཉིས་འབྲུག་ཡུལ་ལ་ཕེབས་པ།


2016.04.15
དབྱིན་ཇིའི་རྒྱལ་སྲས་དང་བཙུན་མོ་རྣམ་གཉིས་ཀྱིས་འབྲུག་གི་རྒྱལ་པོ་དང་བཙུན་མོར་ཐེངས་དང་པོར་མཇལ་འཕྲད་གནང་སྐབས། ༢༠༡༦།༤།༡༤ དབྱིན་ཇིའི་རྒྱལ་སྲས་དང་བཙུན་མོ་རྣམ་གཉིས་ཀྱིས་འབྲུག་གི་རྒྱལ་པོ་དང་བཙུན་མོར་ཐེངས་དང་པོར་མཇལ་འཕྲད་གནང་སྐབས། ༢༠༡༦།༤།༡༤
KJKNW/FB

དབྱིན་ཇིའི་རྒྱལ་སྲས་William་དང་ལྕམ་Kate་གཉིས་ཀྱིས་འབྲུག་ཡུལ་ལ་ཕེབས་ནས་ཕྱི་ཟླ་བཞི་པའི་ཚེས་༡༤་ཉིན་འབྲུག་ཡུལ་གྱི་རྒྱལ་པོ་དང་བཙུན་མོ་གཉིས་དང་མཇལ་འཕྲད་གནང་བ་དང་། ཁོང་གཉིས་ལ་འབྲུག་པའི་གཞས་དང་ཞབས་བྲོའི་ཁྲོད་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད།
དབྱིན་ཇིའི་རྒྱལ་སྲས་དང་ལྕམ་གཉིས་འབྲུག་གི་རྒྱལ་ས་Thimpu་ཡི་བཀྲིས་ཆོས་རྫོང་མཁར་རྫོང་དུ་ཕེབས་ཏེ། འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་རྒྱལ་མོ་རྗེ་བཙུན་པདྨ་རྣམ་གཉིས་དང་མཇལ་འཕྲད་གནང་བ་དང་། མཇལ་འཕྲད་གྲུབ་པའི་རྗེས་ཁོང་རྣམས་འབྲུག་རྒྱལ་ཁབ་ཀྱི་ཐོུང་མ་ཡིན་པའི་རྩེད་མོ་མདའ་རྩེད་འགྲན་བསྡུར་གཟིགས་པར་ཕེབས་ཡོད་པ་རེད།
དབྱིན་ཇིའི་རྒྱལ་སྲས་དང་ལྕམ་གཉིས་རྒྱ་གར་ནང་གི་འཚམས་འདྲི་གྲུབ་ཏེ་རེས་གཟའ་ཕུར་བུའི་སྔ་དྲོ་རྒྱ་གར་ནས་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས་པ་ཞིག་ཡིན་ཞིང་། འབྲུག་ཡུལ་རྒྱལ་ཁབ་ནང་ཉིན་གཉིས་ཀྱི་འཚམས་འདྲི་གནང་གི་ཡོད་པ་རེད།
འབྲུག་གི་རྒྱལ་པོ་འཇིགས་མེད་དགེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ནི་། ཁོང་གི་ཡབ་འབྲུག་རྒྱལ་འཇིགས་མེད་སེང་གེ་དབང་ཕྱུག་གིས་རྒྱལ་སྲིད་ཀྱི་དབང་ཆ་ལས་འབབ་པ་དང་། ཆབ་སྲིད་ཀྱི་དབང་ཆ་གྲོས་ཚོགས་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་དམངས་གཙོར་རྩིས་སྤྲོད་བྱ་རྒྱུའི་གྲོས་འཆམ་བྱུང་བའི་རྗེས་ཏེ་༢༠༠༦ལོར། རྒྱལ་པོའི་གསར་ཁྲིར་འཁོད་པ་དང་། འབྲུག་རྒྱལ་ཁབ་ཀྱིས་འོས་བསྡུའི་ལས་དོན་ཐེངས་དང་པོ་དེ་༢༠༠༨་ལོར་འགོ་བཙུགས་ནས་ཐོུང་མ་ཡིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་མཚོན་འཇོག་ས་ནི་འབྲུག་ཡུལ་རྒྱལ་ཡོངས་ཀྱི་ཐོན་སྐྱེད་དང་བདེ་སྐྱིད་གཉིས་ཟུངས་དུ་འབྲེལ་ནས་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད་ཅིང་། དེའི་དམིགས་ཡུལ་ནི་འབྲུག་པའི་མང་ཚོགས་ཀྱི་བདེ་སྐྱིད་དང་དཔལ་འབྱོར་འཕེལ་རྒྱས་གཉིས་པོ་ཁེ་བག་མེད་པ་འདྲ་མཉམ་དུ་འཕེལ་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་།

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎