བོད་རང་བཙན་ཁུངས་སྐྱེལ་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་བསྒྲིགས།


2016.06.14
བོད་རང་བཙན་ཁུངས་སྐྱེལ་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད། ༢༠༡༦།༦།༡༤ བོད་རང་བཙན་ཁུངས་སྐྱེལ་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད། ༢༠༡༦།༦།༡༤
འཇིགས་མེད་སྙན་གྲགས།/RFA

བོད་བོད་ཡུལ་ན་སྐྱིད་རྒྱ་རྒྱ་ཡུལ་ན་སྐྱིད་སྐྱིད་པའི་དུས་མཚམས་སྲུང་ན་སྐྱིད་ཅེས་པའི་དཔེ་དེབ་གསར་བ་དབུ་འབྱེད་གནང་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་། ཆབ་སྲིད་བཙོན་ཟུར་ཞིག་གིས་རྩོམ་སྒྲིག་གནང་པའི་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། སྐྱིད་པའི་དུས་མཚམས་སྲུང་ན་སྐྱིད་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་འདུག
དེ་ཡང་ཕྱི་ཟླ་དྲུག་པའི་ཚེས་༡༤་ཉིན་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས། གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་བའི་རྗེས་དཔེ་དེབ་རྩོམ་པ་པོ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་པ་བག་གྲོ་ལགས་ཀྱིས་རང་ཉིད་ཀྱི་དཔེ་དེབ་རྩོམ་སྒྲིག་བྱས་པའི་དམིགས་ཡུལ་དང་དཔེ་དེབ་ཀྱི་ནང་དོན་སྙིང་བསྡུས་སོགས་ངོ་སྤྲོད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། ལོ་མང་སྔོན་སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མི་ཚེའི་ལོ་རྒྱུས་ངེས་པར་འབྲི་རྩོམ་གནང་ནས་ལོ་རྒྱུས་དེ་དག་ཕྱིས་སུ་མི་རབས་གཞོན་པ་ཚོ་དང་ཕྱིས་འབྱུང་གི་མི་རབས་ཚོའི་འདས་པའི་ལོ་རྒྱུས་དེ་དག་ཉམས་སུ་མྱོང་ནས་ང་རང་ཚོའི་འཐབ་རྩོད་རྒྱུན་འཁྱོངས་དང་། གནས་སྟངས་ཡོངས་རྫོགས་བདེན་རྟགས་ཡོང་རྒྱུ་སོགས་བཀའ་སློབ་ཡང་ཡང་སྩལ་བ་གཞིར་བཟུང་བཙན་བྱོལ་སྤྱི་ཚོགས་ནང་དཔེ་དེབ་མང་པོ་མཇལ་རྒྱུ་ཡོད། ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་མི་སྒེར་པ་ཞིག་གིས་ཕལ་ཆེར་དཔེ་དེབ་བཅོ་ལྔ་ཙམ་དུས་ཚོད་ཐུང་ངུའི་ནང་མི་རིགས་དང་འཐབ་རྩོད་གཞི་རྩར་བཟུང་ནས་འདོན་ཐུབ་པ་འདི་དངོས་གནས་གཟི་བརྗིད་ཆེན་པོ་ཞིག་དང་། བྱས་རྗེས་ཆེན་པོ་ཞིག་རེད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།།   
གསར་འགོད་པ་ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎