ནོ་བེལ་ཞི་བདེའི་ཚོགས་ཆུང་གིས་མཡན་མར་གྱི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་ལ་སྐྱོན་བརྗོད།


2018.10.02
མཡན་མར་གྱི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་(Aung San Suu Kyi) ༢༠༡༨ མཡན་མར་གྱི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་(Aung San Suu Kyi) ༢༠༡༨
RFA

ནོ་བེལ་ཞི་བདེའི་ཚོཊ་ཆུང་གིས་མཡན་མར་གྱི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་ཡི་གནང་སྟངས་ལ་སྐྱོན་བརྗོད་བྱས་ཀྱང་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་བྱེད་རྒྱུ་མིན་པ་བརྗོད་འདུག
ནོར་ཝེ་རྒྱལ་ས་ཨོསྀ་ལོར་(Oslo)རྟེན་གཞི་བྱས་པའི་ནོ་བེལ་ཞི་བདེའི་ཚོགས་ཆུང་གིས་མཡན་མར་ནང་རོ་ཧིན་ཇཱ་(Rohingya) ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཐོག་ལྕམ་ཨང་སན་སུ་ཅི་(Aung San Suu Kyi) མཆོག་གི་ཕྱག་ལས་གནང་ཕྱོགས་ལ་འདོད་བློ་མ་ཚིམ་པའི་སྐྱོན་བརྗོད་གནང་ཡང་།  ཁོང་ལ་ཕུལ་བའི་ཕུལ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་ཕྱིར་བསྡུ་གནང་རྒྱུ་མིན་པ་གསུངས་འདུག
ཉེ་སྔོན་ཕྱི་ཟླ་༨པའི་ནང་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚོགས་པས་མཡན་མར་གྱི་ར་ཀྵཱིན་ (Rakhine)མངའ་སྡེའི་ནང་རོ་ཧིན་ཇཱ་(Rohingya) ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱས་པའི་མཐར་སྙན་ཐོ་འདོན་སྤེལ་བྱས་པའི་ནང་། མིཡན་མར་(Myanmar) གྱི་དྲག་པོའི་སྒྲིག་འཛུགས་ནས་རོ་ཧིན་ཇཱ་(Rohingya) ཁ་ཆེ་གྲངས་ཉུང་མི་རིགས་རྩ་བརླག་གཏོང་བའི་དྲག་གནོན་བྱས་པའི་སྐྱོན་འཛུགས་དང་། དེ་བཞིན་མིཡན་མར་གྱི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་(Aung San Suu Kyi)ཡིས་ཞི་བའི་མི་མང་དེ་དག་ལ་སྲུང་སྐྱོབ་ཀྱི་འགན་ཁུར་མ་བཞེས་པའི་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད། གནད་དོན་དེ་དག་གི་རྐྱེན་པས་རྒྱལ་སྤྱིའི་ཐོག་ཚོགས་པ་སྒྲིག་འཛུགས་ཁག་ནས་ དེ་སྔ་ལྕམ་ཨང་སན་སུ་ཅི་(Aung San Suu Kyi) ལ་ཕུལ་བའི་ཆེས་བསྟོད་གཟེངས་རྟགས་དང་ཕྱག་ཁྱེར་སོགས་ཕྱིར་འཐེན་བྱས་པའི་གནས་ཚུལ་བྱུང་ཞིང་། བདུན་ཕྲག་སྔོན་པ་ཁེ་ན་ཌའི་གྲོས་ཚོགས་ནས་ ༢༠༠༧ལོར་ཁེ་ན་ཌའི་གཞུང་གིས་ཁོང་ཆེས་བསྟོད་རྒྱལ་ཁབ་ཀྱི་མི་སེར་ཕྱག་ཁྱེར་ཕུལ་ཡོད་པ་དེ་ཕྱིར་བསྡུ་བྱ་རྒྱུའི་སྤྱི་མོས་གྲོས་ཆོད་ཡང་གཏན་འབེབས་བྱས་ཡོད་པ་རེད།
རེས་གཟའ་མིག་མར་ཉིན་སུཝེ་ཌེན་གྱི་རྒྱལ་ས་(Stockholm) གྲོང་ཁྱེར་དུ། འདི་ལོའི་ནོ་བེལ་གཟེགས་རྟགས་འབུལ་བཞེས་རན་པའི་སྔ་རོལ་དུ། རོ་ཨི་ཀྲར་གསར་ལས་ཁང་ནས་ནོ་བེལ་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་ ལརསི་ཧེ་ཀེནསྀ་ཊེན་(Lars Heikensten) ལགས་སུ། མིཡན་མར་ནང་(Rohingya) ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་རྐྱེན་གྱིས་(Aung San Suu Kyi) ལ་དེ་སྔ་འབུལ་བཞེས་མཛད་པའི་ནོ་བེལ་ཞི་བདེའི་གཟེགས་རྟགས་དེ་ཕྱིར་བསྡུ་གནང་མིན་སྐོར་འདྲི་རྩད་བྱས་པར་སྐུ་ཞབས་(Lars Heikensten)ལགས་ཀྱིས་མིཡན་མར་ནང་རོ་ཧིན་ཇཱ་(Rohingya) ཁ་ཆེ་ཚོའི་གནས་སྟངས་ཐོག་ཨང་སན་སུ་ཅི་(Aung San Suu Kyi) ཡིས་སྲིད་ཇུས་བཟུང་སྟངས་ལ་ཕྱོགས་གང་ས་ནས་སྐྱོན་བརྗོད་བྱུང་བཞིན་ཡོད་པ་དེ་ང་ཚོས་ཤེས་གསལ་ཡིན་ལ་ (Nobel) ནོ་བེལ་ཐེབས་རྩའི་ངོས་ནས་འགྲོ་བ་མིའི་ཐོབ་དེ་རྨངས་གཞིའི་རིན་ཐང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཨང་སན་སུ་ཅི་(Aung San Suu Kyi) ཡིས་ རོ་ཧིན་ཇཱའི་(Rohingya) གནས་སྟངས་ལ་བློ་ཚབས་ལྡན་པའི་དཀའ་ངལ་སེལ་ཐབས་གནང་རྒྱུའི་ཚབ་ལ་བར་གནས་ལྟ་བུར་ཞུགས་པ་དེར་ང་ཚོར་བློ་འགྱོད་ཡོད། ཡིན་ནའང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་བྱ་རྒྱུ་ནི་དགེ་ཚན་ཡང་མེད་པ་ཞིག་གཟིགས་ཀྱི་འདུག་ཅེས་བཀའ་ལན་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎