ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་ལྷན་ཚོགས་སྐོར།
2009.11.15
༄༅༎ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་ལྷན་ཚོགས་ཀྱིས་རྒྱལ་ཁབ་བྱེ་བྲག་སོ་སོ་དང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་རྙོག་སེལ་རྒྱུར་འབད་བརྩོན་གནང་རྒྱུའི་དམ་བཅའ་བཞག་ཡོད་པའི་གནས་ཚུལ་ཐོན་འདུག
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་ལྷན་ཚོགས་ཀྱི་ཚོགས་ཆེན་བཅུ་བདུན་པའི་ཐོག་ཐའེ་ལེན་ཌིའི་སྲིད་བློན་ཨ་སྦི་ཤིཏ་ལྦེ་ཇ་ཇི་ལྦ་མཆོག་གིས་པེ་རུ་ཡི་སྲིད་འཛིན་ཨེ་ལེན་གའར་སི་ཡ་པེ་རེཛ་མཆོག་དང་ཟུར་མཇལ་གྱིས་ལྷོ་ཤར་ཨེ་ཤེ་ཡའི་མཉམ་འབྲེལ་དང་རང་དབང་ཅན་གྱི་ཚོང་འབྲེལ་གནང་ཕྱོགས་སྐོར་བཀའ་བསྡུར་གནང་ཡོད་པ་མ་ཟད་ལྷོ་ཨ་མེ་རི་ཀས་ཨེ་ཤེ་ཡ་དང་ཚོང་འབྲེལ་གྱི་སྒོ་མོ་ཐའེ་ལེན་ཌིའི་བརྒྱུད་གནང་རྒྱུའི་ཆིངས་དོན་ཞིག་ཀྱང་བཞག་ཡོད་འདུག ཐེངས་འདིའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་དབུ་ཁྲིད་རྣམ་པའི་དབར་ཁུལ་དེའི་བདེ་དོན་ཙམ་མ་ཡིན་པར་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་སྐོར་གྲོས་བསྡུར་ལྷུག་པོ་གནང་ཡོད་འདུག ཐའེ་ལེན་ཌི་ལྷོ་ཤར་ཨེ་ཤེ་ཡའི་མཉམ་སྦྲེལ་གྱི་གཙོ་སྐྱོང་བ་ཡིན་པའི་ཆ་ནས་སིང་ག་པུར་ནང་ཚོགས་པའི་ཞི་བདེ་རྒྱ་མཚོ་དཔལ་འབྱོར་ལྷན་ཚོགས་ཀྱིས་དབུ་ཁྲིད་རྣམས་ལ་ལྷོ་ཤར་ཨེ་ཤེ་ཡའི་མཉམ་སྦྲེལ་དང་ཨ་མེ་རི་ཀའི་དབར་ཚོགས་ཀྱིས་དམིགས་བསལ་ཚོགས་ཆེན་འདིའི་བརྒྱུད་ནས་སླད་ཕྱིན་ཆད་ནས་ཨ་མེ་རི་ཀ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་རྣམས་དང་ཚོང་འབྲེལ་ཟབ་ཏུ་གཏོང་རྒྱུའི་དུས་ལ་སླེབས་ཡོད་ལུགས་འགྲེལ་བརྗོད་གནང་འདུག།