བལ་ཡུལ་ནང་ཨེ་ཤེ་ཡའི་འཛུགས་བསྐྲུན་དངུལ་ཁང་གི་ཡན་ལག།

ཨེ་ཤེ་ཡའི་འཛུགས་བསྐྲུན་དངུལ་ཁང་གི་དབུ་འཛིན་ཧ་རུ་ཧི་ཀོ་ཀུ་རོ་རྡ་ཉིན་བཞིའི་རིང་གཟིགས་སྐོར་དུ་ཕེབས་རྒྱུ་ཡིན་འདུག

2010.07.25

༄༅༎བལ་ཡུལ་ནང་ཨེ་ཤེ་ཡའི་འཛུགས་བསྐྲུན་དངུལ་ཁང་གི་ཡན་ལག་དབུ་བརྙེས་ནས་ལོ་ཉི་ཤུའི་དུས་དྲན་སྲུང་བརྩིའི་ཆེད་དངུལ་ཁང་དེའི་དབུ་འཛིན་ཧ་རུ་ཧི་ཀོ་ཀུ་རོ་རྡ་ཉིན་བཞིའི་རིང་གཟིགས་སྐོར་དུ་ཕེབས་རྒྱུ་ཡིན་འདུག

འདི་ཚེས་༢༦ནས་དབུ་འཛུགས་གནང་རྒྱུའི་གཟིགས་སྐོར་རིང་ཨེ་ཤེ་ཡའི་འཛུགས་བསྐྲུན་དངུལ་ཁང་གི་དབུ་འཛིན་ཧ་རུ་ཧི་ཀོ་ཀུ་རོ་རྡ་བལ་ཡུལ་གཞུང་གི་འབྲེལ་ཡོད་དཔོན་རིགས་དང་མཇལ་འཕྲད་ཀྱིས་དངུལ་ཁང་དེའི་ལས་དོན་མཇུག་སྐྱོང་གནང་ཕྱོགས་སོགས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག དངུལ་ཁང་གི་དབུ་འཛིན་གྱིས་བལ་ཡུལ་ནང་ད་ཡོད་འཛུགས་བསྐྲུན་གྱི་ལས་གཞི་དེ་དག་ལ་མཐུན་འགྱུར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་རྒྱུ་དང་ ལས་གཞི་དེ་དག་གིས་ཁེ་ཕན་ཐོབ་པའི་མི་མང་ཁག་ཅིག་ཟུར་མཇལ་གནང་རྒྱུ་ཡིན་འདུག། བལ་ཡུལ་ནང་དངུལ་ཁག་གི་ལན་ལག་ཕྱི་ལོ་༡༩༦༩ལོར་འགོ་བཙུགས་པ་ནས་བཟུང་ ད་བར་རོགས་དངུལ་ ཨ་རིའི་ ཌོ་ལར་ཐེར་འབུམ་གསུམ་ཙམ་གནང་ཡོད་པ་ཁར་བར་ལམ་ནས་རོགས་དངུལ་ཤུགས་ཆེ་ཏུ་ཕྱིན་ཡོད་རེད།  དཔེར་ན་ཕྱི་ལོ་༢༠༠༧དང་༢༠༠༨ལོར་རོགས་དངུལ་ཨ་རིའི་ཌོ་ལར་ས་ཡ་༢༥༨གནང་ཡོད་པ་དེ་ཕྱི་ལོ་༢༠༠༩དང་༢༠༡༠ལོར་ཌོ་ལར་ས་ཡ་༥༥༩བར་སྤར་ཡོད་འདུག།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎