ཏོག་དབྱིབས་ནད་འབུ་གསར་པ་གང་ནས་བྱུང་མིན་བརྟག་དཔྱད་སླད་ཝུའུ་ཧན་དུ་ཡོང་བཅུག་དགོས།


2020.04.18
ཏོག་དབྱིབས་ནད་འབུ་གསར་པ་གང་ནས་བྱུང་མིན་བརྟག་དཔྱད་སླད་ཝུའུ་ཧན་དུ་ཡོང་བཅུག་དགོས། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེ་ཡོ་(Mike Pompeo) མཆོག་དང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་འབྲེལ་ལས་དོན་ཐད་ཀྱི་དཔོན་རིགས་མཐོ་ཤོས་གྲས་ ཡང་ཅིཡེས་ཆི་(Yang Jiechi) རྣམ་གཉིས་ཨ་རིའི་རྒྱལ་སའི་མའང་ཁུལ་དུ་མཇལ་མོལ་ཞིག་གི་སྐབས། ༢༠༡༨།༡༡།༩
ཨེ་ཨེཕ་པི།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེ་ཡོ་(Mike Pompeo)མཆོག་གིས་རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པར་ཝུའུ་ཧན་ནད་འབུ་བརྟག་དཔྱད་ཁང་དུ་ཚན་རིག་ཞིབ་འཇུག་པ་ཡོང་བཅུག་དགོས་པའི་ནན་སྐུལ་གནང་འདུག

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེ་ཡོ་(Mike Pompeo)མཆོག་གིས་ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་ནད་འབུ་རྟག་དཔྱད་ཁང་དུ་ཆེད་ལས་པ་ཡོང་བཅུག་དགོས་པའི་རེ་བསྐུལ་ད་ལྟའང་བྱེད་བཞིན་ཡོད། དེའི་བརྒྱུད་ནས་ནད་འབུ་དེ་དངོས་སུ་གང་ནས་བྱུང་ཡོད་མེད་ང་ཚོས་ཐག་གཅོད་བྱེད་ཐུབ་རྒྱུ་ཡིན་པ་རེད་ཅེས་ཁ་སང་རེས་གཟའ་པ་སངས་ཉིན་Fox News ཞེས་པའི་གསར་ལས་ཁང་ལ་གསུངས་འདུག

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེ་ཡོ་(Mike Pompeo)མཆོག་གིས་གོང་ཞུས་གནས་ཚུལ་གསལ་སྟོན་གནང་བ་དང་ཆབས་ཅིག་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་Donald Trump མཆོག་ནས་ཀྱང་ད་རེས་རྒྱ་ནག་ནང་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཀྱི་འོག་དངོས་སུ་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ཐོག་ལ་དོགས་པ་ཡོད་ལུགས་ཁོང་གི་Twitter དྲ་ཚིགས་ཐོག་ཁ་སང་བྲིས་གནང་ཡོད་པ་རེད།

ཕྱི་སྲིད་དྲུང་ཆེ་སྐུ་ཞབས་Mike Pompeo མཆོག་གིས་གསུང་པའི་བཀའ་མོལ་དེ་ཡིས་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་དེ་རྒྱ་ནག་ཝུའུ་ཧན་གྱི་རི་སྐྱེས་སྲོག་ཆགས་ཁྲོམས་རྭ་ནས་བྱུང་བ་ཞིག་མ་ཡིན་པར་དེ་ནི་ཝུའུ་ཧན་གྱི་ནད་འབུ་བརྟག་དཔྱད་ཁང་ནས་བྱུང་བ་ཞིག་ཡིན་པའི་ལབ་གླེང་ཞིག་ཡོང་བཞིན་པ་དེ་གསལ་བཏོན་གནང་གི་ཡོད་པ་རེད།

རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་ཁ་སང་ཨ་མི་རི་ཀའི་གཞུང་ཕྱོགས་ནས་ནད་འབུ་ཁྱབ་གདལ་འགྲོ་སྟངས་སྐོར་སྐད་ཆ་འདྲ་མིན་བཤད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎