༧གོང་ས་མཆོག་གིས་ཐུགས་གསོ་དང་རོཊ་སྐྱོར་གནང་འདུག


2013.11.12
རྒྱ་མཚོའི་རླུང་འཚུབ་དྲག་པོའི་གནོད་འཚེ་ཕོག་ཁུལ། ༧གོང་ས་མཆོག་གིས་ཐུགས་གསོ་དང་རོཊ་སྐྱོར་གནང་འདུག
པར། AFP

༧གོང་ས་མཆོག་གིས་རྒྱ་མཚོའི་རླུང་འཚུབ་དྲག་པོའི་གནོད་འཚེ་ཕོག་སའི་Philippines སྲིད་འཛིན་ལ་ཐུགས་གསོའི་འཚམས་འཕྲིན་སྩལ་གནང་འདུག

དེ་ཡང་ཕྱི་ཟླ་བཅིུག་པའི་ཚེས་༡༡ ཉིན་༧གོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་དུ། ཉེ་ཆར་Philippines ནང་རྒྱ་མཚོའི་རླུང་འཚུབ་དྲག་པོ་རྒྱབ་པའི་གནོད་འཚེའི་འོག་མི་མང་པོའི་ཚེ་སྲོག་ཤོར་བའི་གནས་སྟངས་ལ་ཐུགས་ཕམ་ཆེན་པོ་བྱུང་གནང་བ་དང། ལྷག་དོན་རང་བྱུང་གནོད་འཚེ་དེའི་ནང་རྐྱེན་འདས་སུ་ཕྱིན་པ་སོགས་གོད་ཆག་ཕོག་པའི་མི་དམངས་ཚོར་ཐུགས་སྨོན་མཛད་རྒྱུ་དང། གོད་ཆཌ་ཕོག་མིའི་ཤུལ་ལུས་ནང་མི་སོགས་ལ་ཐུགས་གསོ་མཛད་པ་མ་ཟད། ༧གོང་ས་མཆོག་གི་མཚན་ཐོག་ཏུ་ཡོད་པའི་ཐེབས་རྩ་ཁང་བརྒྱུད་རོགས་སྐྱོར་ཞལ་འདེབས་ཀྱང་གནང་རྒྱུའི་སྐོར་གསུང་ཡོད་པ་རེད། Philippines ནང་ཉེ་ཆར་ཕྱི་ཟླ་༡༡་པའི་ཚེས་༨ རེས་གཟའ་པ་སངས་ཉིན་རླུང་འཚུབ་དྲག་པོ་Haiyan ཟེར་བ་རྒྱབ་པ་དེ་ནི་ད་བར་Phippines ནང་རླུང་འཚུབ་ཀྱི་གནོད་འཚེ་རིམ་པ་བྱུང་ཡོད་པའི་ནང་ནས་ཆེས་སྡུག་ཤོས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང། གནོད་འཚེ་དེའི་ནང་མི་ཤི་བ་དང་རྙེད་སོན་མ་བྱུང་བ། སྡོད་ཁྱིམ་མེད་པར་གྱུར་བའི་མི་དམངས་སྟོང་ཕྲག་མང་པོ་བྱུང་ཡོད་པ་རེད།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་འབྱུང་གནོད་འཚེའི་རོགས་སྐྱོར་ལས་ཁང་གི་འགན་འཛིན་སྐུ་ཞབས་Valerie Amos ཡིས་གསུང་པར། རང་འབྱུང་གནོད་འཚེ་བྱུང་ཡུལ་Philippines དབུས་ཀྱི་ཞིང་ཆེན་ཁྱོན་ཡོངས་ནས་ཁྱོན་མི་གྲངས་ཁྲི་གཅིག་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པའི་སྐོར་ཞིང་ཆེན་དེའི་ཉེན་རྟོག་དཔོན་རིགས་ཤིག་གིས་ཉེ་ཆར་གསུང་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ནས་གནོད་འཚེ་དེའི་ནང་ཁྱོན་མི་གྲངས་ཁྲི་གཅིག་ནས་ཉིས་ཁྲི་གཉིས་སྟོང་བར་རྐྱེན་འདས་སུ་ཕྱིན་ཡོད་པའི་སྔོན་དཔག་གནང་གི་ཡོད་པ་རེད།

གསར་འགོད་ཉི་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎