བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་རྒྱུན་ལས་ཚོཌ་འདུ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་ཡན་ལག་ཚོགས་ཆུང་ཁག་གི་རྒྱུན་ལས་ཚོགས་ཆེན་ཐེངས་བརྒྱད་པ་དེ་སྐོང་འཚོགས་གནང་ཡོད་པ་རེད།

2008.12.01

༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་མི་རི་ཀའི་ཡན་ལག་ཚོགས་ཆུང་ཁག་གི་རྒྱུན་ལས་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་ཟླ་བ་འདིའི་ཚེས་ཉི་ཤུ་དགུ་ནས་འགོ་བཙུགས་ཏེ་ཉི་མ་གཉིས་རིང་སྐོང་འཚོགས་གནང་ཡོད་པ་རེད། ཚོགས་ཆེན་དེར་ས་གནས་ཁག་བདུན་ཙམ་གྱི་རྒྱུན་ལས་ཚོགས་མི་ཚོས་ཚོགས་བཅར་གནང་ཡོད་པ་དང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་བོ་ད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་ཡོད་པ་རེད། སྐབས་འདིའི་ཚོགས་ཆེན་ཐོག་བྱང་ཨ་མི་རི་ཀའི་ནང་བོད་རང་བཙན་ལས་འགུལ་ཐོག་མང་ཚོགས་ཀྱི་ཁྲོད་ལ་ཀུན་སློང་སྤེལ་ཐབས་སྐོར་དང་བོད་ཀྱི་ཕྱི་རོལ་ལ་གནས་བཞིན་པའི་བོད་མི་རྣམས་བཙན་བྱོལ་བ་ཆགས་ནས་མི་ལོ་ལྔ་བཅུ་སོང་བའི་དུས་ཚིགས་དེ་བཞིན་གཞི་རྒྱ་ཆེ་བའི་འཆར་གཞིའི་ཐོག་སྲུང་བརྩི་ཞུ་ཕྱོགས་སོགས་ཀྱི་གྲོས་གཞིའི་ཐོག་བཀའ་བསྡུར་གནང་ཡོད་པ་རེད། ནིའུ་ཡོག་མངའ་ཁུལ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་རྒྱུན་ལས་ཚོགས་གཙོ་ཚེ་རིང་དཔལ་ལྡན་ལགས་ཀྱིས་གསུང་དོན་ལྟར་ན་བྱང་ཨ་མི་རི་ཀའི་མངའ་ཁུལ་གྱི་བོད་ཀྱི་གཞོན་ནུའི་ས་གནས་རྒྱུན་ལས་ཚོགས་ཆུང་ཚང་མའི་ངོས་ནས་བསམ་འཆར་བཏོན་པར་གཞིགས་ན་བོད་ཀྱི་རང་བཙན་འཐབ་རྩོད་ནི་གལ་གནད་ཤིན་ཏུ་ཆེན་པོ་ཡིན་པ་མ་གྲོས་བསམ་པ་གཅིག་གྱུར་ཡིན་པའི་རྣམ་པ་མངོན་གསལ་དོད་པོ་ཐོན་ཡོད་པ་དང་ཚོགས་བཅར་བ་ཕལ་ཆེ་བ་ཡང་ན་གཞོན་ཞེ་གཅིག་ཡིན་པར་བརྟེན་དེ་ནི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡིན་པར་མཐོང་སྣང་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎