མཁས་པའི་སློབ་སྟོན་གྱི་ལྷན་ཚོཌ།
2013.06.05

༄༅།།དེ་རིང་ཕྱི་ཟླ་༦ཚེས་༥ དང་སང་ཉིན་ ༦ བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཤེས་ཡོན་མཁས་པའི་སློབ་སྟོན་གྱི་ལྷན་ཚོགས་ཐེངས་དང་པོ་དེ་དབུ་འཛུགས་གནང་འདུག
གོང་ཞུས་ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་བའི་ནང༌། ད་རེས་ཀྱི་ལྷན་ཚོགས་འདིའི་ཐོག་ཕེབས་པའི་མཁས་པ་ཚོའི་ཤེས་ཡོན་ལམ་སྟོན་དང་ཉམས་མྱོང།དགོངས་འཆར་སོགས་ཀྱིས་མ་འོངས་པར་བོད་ཕྲུག་ཚོའི་ཤེས་ཡོན་གནད་ཚད་གོང་མཐོར་གཏོང་ཆེད་ཕན་ཐོག་ཧ་ཅང་ཆེན་པོ་ཡོང་བའི་རེ་བ་གནང་འདུག་ལ།བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་གལ་ཆེ་ཤོས་སུ་ངོས་འཛིན་གནང་བཞིན་ཡོད་སྐོར་གསུངས་ཏེ།བོད་མི་རིགས་ཀྱི་འཐབ་རྩོད་དེ་བཞིན་འབྱུང་འགྱུརམི་ལོ་ ༥༠ ལྷག་འགོར་ནས་བཙན་བྱོལ་ནང་གནས་དགོས་བྱུང་ཡང།འཐབ་རྩོད་ཀྱི་ངར་ཤུགས་དེ་གཙོ་བོ་ཤེས་ཡོན་ཐོག་ནས་ཡོང་དགོས་པར་བརྟེན་ཤེས་ཡོན་ཡར་རྒྱས་ཇི་འདྲ་གཏོང་དགོས་མིན་བཅས་ཀྱི་ཐོག་གྲ་སྒྲིག་གནང་ཡག་དེ་གནད་དོན་གལ་ཆེ་ཞིག་ལ་ངོས་འཛིན་གནང་འདུག།