གསར་འགྱུར་ཡིག་ཚགས།
2025-02-14
ཞི་ཅིན་ཕིན་གྱིས་མཱ་ཡོན་ཐེ་བའི་རྒྱ་ནག་གི་ཚན་རྩལ་ཚན་པ་དང་ཁེ་གཉེར་ཁང་ཁག་གི་འགོ་ཁྲིད་ཚོ་མཉམ་ཞུགས་བྱས་པའི་བགྲོ་གླེང་ཚོགས་འདུ་ཞིག་གཙོ་སྐྱོང་བྱེད་འཆར་ཡོད་འདུག
2025-02-14
རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་རྒྱག་འཆར་དེར་རྒྱ་གར་གཞུང་གིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅེས་ལན་འདེབས་གནང་འདུག
2025-02-12
རྒྱ་ནག་གིས་བོད་མདོ་སྨད་ཀྱི་མཚོ་སྔོན་ཞིང་ཆེན་ཞེས་སུ་འབོད་པའི་མངའ་ཁོངས་སུ་བསྡུས་པའི་དབུས་ཚྭ་མཚོ་ཞེས་པ་དེ་རྒྱལ་ཁབ་རིམ་པའི་ཐོན་ཁུངས་སུ་བསྒྱུར་བ།
2025-02-12
རྒྱ་ནག་གཞུང་གིས་མཐོ་རིམ་དམག་དཔོན་ནང་ངེས་པར་དུ་ཞི་ཅིན་ཕིང་ལ་བློ་དཀར་དགོས་པའི་བསམ་བློའི་སློབ་གསོ་ཤུགས་ཆེ་སྤེལ་བཞིན་ཡོད་པ།
2025-02-12
རྒྱ་ནག་གཞུང་གིས་བྷང་ལ་དྷེ་ཤེའི་གཞུང་འབྲེལ་ས་ཁྲའི་ནང་ཨ་རུ་ན་ཅལ་དང་ཨག་སེ་ཆིན་གཉིས་ཀྱི་ས་ཆའི་བདག་དབང་ལ་ནོར་བཅོས་རྒྱག་དགོས་བའི་དགོས་འདུན་བཏོན་འདུག
2025-02-11
བོད་མི་དང་། ཤར་ཏུར་ཀིསི་ཐཱན་གྱི་ཡུ་གུར་མི་རིགས། ཧོང་ཀོང་ལས་འགུལ་བ། ཐེ་ཝན་ནས་རྒྱ་རིགས་ལས་འགུལ་བ། དེ་བཞིན་རྒྱ་ནག་སྐམ་ས་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱ་མི་རིགས་ཀྱི་ཚོགས་མི་བཅས་ཁྱོན་མི་གྲངས་བཞི་སྟོང་ཙམ་འདུ་འཛོམས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
2025-02-11
ད་ལྟའི་ཏཱ་ལའི་བླ་མས་རྒྱ་ནག་ཁ་བྲལ་གཏོང་བའི་ལངས་ཕྱོགས་སྤངས་བ་ཡིན་ན། ཏཱ་ལའི་བླ་མའི་མ་འོངས་པར་གྲོས་བསྡུར་བྱེད་པར་སྒོ་མོ་ཕྱེས་ཡོདཅེས་རྒྱ་ནག་གཞུང་གི་མགྲིན་ཚབ་པས་བརྗོད་པ།
2025-02-11
ཨ་སམ་གྲོས་ཚོགས་འཐུས་མི་རྡི་ལིཔ་སཨི་ཀིཨ་ཡིས་བོད་ནང་ཡར་ཀླུང་གཙང་པོའི་སྟེང་ཆུ་རགས་འཛུགས་བསྐྲུན་ཐད་བློ་འཚབ་བསྟན་ཡོད་པ།
2025-02-10
འདི་ནི་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་དེ་སྔོན་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་བོད་རང་དབང་འཐབ་རྩོད་ཀྱི་ལས་དོན་དང་འབྲེལ་བའི་གསར་འགྱུར་ལས་ཁང་ཞིག་གིས་བཅར་འདྲི་ཞུས་པ་མཐའ་མ་དེ་ཡིན་པ་རེད།
2025-02-09
རྒྱ་ནག་གི་ཧའར་པིང་ (Harbin) དུ་ཚོགས་པའི་ཨེ་ཤེ་ཡའི་དགུན་དུས་ཀྱི་གངས་ཤུད་རི་རྩེད་འགྲན་བསྡུར་གསར་པའི་ནང་གངས་རིར་གཤོང་འདྲེད་རྩེད་འགྲན་གྱི་ཕྱི་ཚེས་ ༩ ཉིན་གྱི་སྐྱེད་པ་དང་བུད་མེད་ཀྱི་རྒྱལ་ཁ་ཡོངས་སུ་རྒྱ་ནག་གི་ངོ་བོའི་ཐོག་ནས་རྩེད་འགྲན་བྱེད་མཁན་ཚོར་ཐོབ་ཡོད་ཅིང་། འདིའི་ཁོངས་བུད་མེད་ཀྱི་རུ་ཁག་ནང་བོད་པའི་བུད་མེད་གཉིས་ལ་ཨང་དང་པོ་གསེར་གྱི་རྟགས་མ་དང་ཨང་གསུམ་པ་ལི་མའི་རྟགས་མ་སོ་སོར་ཐོབ་འདུག
2025-02-08
རྒྱ་ནག་གི་བཅོས་མའི་རིག་ནུས་གསར་པ་ (DeepSeek) ཟེར་བ་བཟོ་སྐྲུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་སུ་བཀོལ་སྤྱོད་ཆེད་འགྲེམས་སྤེལ་བྱས་པའི་ནང་བོད་ཀྱི་མངའ་དབང་ཐོག་ལ་རྒྱ་ནག་གཞུང་གི་འདོད་ཚུལ་ལྟར་བོད་འདི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་འཁྱོག་བརྗོད་དྲིལ་བསྒྲགས་བྱེད་ཀྱི་འདུག
2025-02-08
ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ རེས་གཟའ་སྤེན་པའི་དགོང་དྲོ་ཆུ་ཚོད་ ༥།༤༠ ཙམ་གྱི་ཐོག་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་ཁོང་གི་བཞུགས་གནས་རྒྱ་གར་ཀ་ལོན་སྦུག་གི་སྟག་འཚེར་གཟིམས་ཤག་ཏུ་དགོངས་པ་རྫོགས་པ་ཁོང་དང་འབྲེལ་བ་ཉེ་པོ་ཡོད་མཁན་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་། ཁོང་ནི་བོད་ཀྱི་ཉེ་བའི་ལོ་རྒྱུས་ཀྱི་ནང་མི་སྣ་གལ་ཆེ་ཤོས་ཤིག་ཡིན་པ་རེད།
2025-02-07
བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་རྒྱ་གར་གྱི་ཧིན་རྡུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་ཤོས་གྲས་ཀུམ་བྷ་ (Maha Kumbh) ཞེས་པའི་དུས་སྟོན་ཐོག་ཕེབས་ཞུགས་གནང་འདུག
2025-02-05
རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་རྒྱ་གར་ནང་ཕྱི་ལོ་༡༩༨༧ལོའི་སྔོན་ལ་སྐྱེས་པའི་བོད་མི་ཚོར་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་རེད་ཅེས་གསུངས་ཡོད་འདུག