རྒྱ་ནག་གི་བཅོས་མའི་རིག་ནུས་གསར་པ་ (DeepSeek) ནང་བོད་དོན་སོགས་ལ་རྒྱ་ནག་གཞུང་གི་ལངས་ཕྱོགས་དྲིལ་བསྒྲཊ།
2025.02.08


Graphics: RFA/Nordhey Dolma
རྒྱ་ནག་གི་བཅོས་མའི་རིག་ནུས་གསར་པ་ (DeepSeek) ཟེར་བ་བཟོ་སྐྲུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་སུ་བཀོལ་སྤྱོད་ཆེད་འགྲེམས་སྤེལ་བྱས་མ་ཐག་འཕྲུལ་ལས་དང་རིག་ནུས་ཀྱི་བཟོ་ཚོང་ཁང་མང་པོར་དོགས་འདྲོགས་དང་སྦིར་གྲགས་ཧ་ཅང་ཆེན་པོ་བྱུང་ཞིང་གླེང་གཞི་ཆེན་པོར་གྱུར་ཡོད་པ་རེད།
རྒྱ་ནག་གི་བཅོས་མའི་རིག་ནུས་དེའི་ནང་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་བོད་རང་བཙན་གྱི་མངའ་དབང་སྐོར་དྲིས་སྐབས། རྒྱ་ནག་གཞུང་གི་ལངས་ཕྱོགས་ལྟར་དཔེར་ན། བོད་ནི་རྒྱ་ནག་གི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཡིན་ཚུལ་འགྲེལ་བཤད་བྱེད་པ་མ་ཟད། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་མང་པོ་ཞིག་ལ་རྒྱ་ནག་གཞུང་གི་འདོད་ཚུལ་ལྟར་འགྲེལ་བཤད་བྱེད་ཀྱི་ཡོད་པ་རེད།

ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་དོན་ལས་འགུལ་བསྟི་གནས་ཁང་གི་འཕྲུལ་རིག་དོ་དམ་པ་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གི་བཅོས་མའི་རིག་ནུས་དེ་དང་འབྲེལ་བའི་ཐད་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།