ཡོ་རོབ་སཔེན་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ།
2023.02.25
ཡོ་རོབ་སཔེན་གྱི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་སྟབས་འཁེལ་བར་གསར་འཛུགས་དབུ་འབྱེད་གནང་ཡོད་ཅིང་། གྲོས་ཚོགས་འཐུས་མི་ ༢༦༦ ཡོད་པའི་གྲོས་ཚོགས་གོང་མའི་ནང་ནས་འཐུས་མི་ ༣༠ ཙམ་གྱིས་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་མི་མང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ལྷན་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་པ་གསར་འཛུགས་ཀྱི་བྱུང་བ་དང་། དེ་བཞིན་ཁོང་གིས་ཉེ་ལམ་ཨཕ་རི་ཀའི་གླིང་ཕྲན་གྱི་ཡུལ་གྲུ་ཁག་ཅིག་ནང་ཕྱོགས་བསྐྱོད་གནང་ཡོད་པའི་གནད་དོན་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།