TikTokམཉེན་ཆས་བཀག་བསྡོམས་སམ་ཡང་ན་ཚོང་སྒྱུར་བྱེད་རྒྱུའི་ཐད་ཁྲིམས་ཡིག་གི་ཁྲིམས་འཆར།

2024.03.16
TikTokམཉེན་ཆས་བཀག་བསྡོམས་སམ་ཡང་ན་ཚོང་སྒྱུར་བྱེད་རྒྱུའི་ཐད་ཁྲིམས་ཡིག་གི་ཁྲིམས་འཆར།
Getty

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གི་ཚོང་གཉེར་ཁང་ ByteDance གྱིས་བདག་གཉེར་བྱེད་པའི་ TikTok ཞེས་ཨ་རིས་གཙོས་འཛམ་གླིང་ནང་གཞོན་སྐྱེས་མི་རབས་ཁྲོད་དར་གསོ་ཆེན་པོར་གྱུར་བའི་སྤྱི་ཚོགས་དྲ་ལམ་ཐོག་བཀོལ་སྤྱོད་བྱེད་པའི་མཉེན་ཆས་འདི་བཞིན་བཀག་བསྡོམས་སམ་ཡང་ན་ཚོང་སྒྱུར་བྱེད་རྒྱུའི་ཐད་ཁྲིམས་ཡིག་གི་ཁྲིམས་འཆར་ཞིག་ལ་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་ཆེས་མང་མོས་ཀྱི་ཐོག་ནས་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་བྱས་ཡོད་ཅིང་། མཉེན་ཆས་འདིས་ཨ་རིའི་ནང་གཞོན་སྐྱེས་གཙོ་གྱུར་གྱི་མི་མང་ས་ཡ་ ༡༧༠ ཡི་མིང་དང་ལོ་རྒྱུས་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་རྒྱ་ནག་གཞུང་གིས་རྒྱ་ནག་ལ་མི་འདོད་པའི་གནས་ཚུལ་རྣམས་འགོག་གནོན་བྱེད་ཀྱི་ཡོད་པ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། གནད་དོན་དབྱེ་ཞིབ་པ་བཅས་ཀྱིས་བརྗོད་ཀྱི་ཡོད་ལ། ཨ་རིའི་རྒྱལ་སྲུང་གི་བདེ་འཇགས་ལའང་ཉེན་ཁར་བརྩི་བཞིན་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། གནད་དོན་དབྱེ་ཞིབ་པ་ཞིག་དང་ལྷན་དཔྱད་གཞིའི་སླད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎