ཨི་ཊ་ལི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནས་ཕྱིར་ཐོན་བྱེད་ཀྱི་རེད་དམ།
2023.10.10
རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནང་ཕྱི་ལོ་ ༢༠༡༩ ལོར་ཨི་ཊ་ལིས་འཛུལ་ཞུགས་བྱས་ཡོད་པ་རེད། འདི་ནི་ཐག་གཅོད་ཧ་ཅང་སྐྱོ་པོ་ཞིག་རེད་ཅེས་ཨི་ཊ་ལིའི་རྒྱལ་སྲུང་བློན་ཆེན་ Guido Crosetto ལགས་ཀྱིས་གསུངས་ཡོད་ཅིང་། ཨི་ཊ་ལིའི་སྲིད་བློན་ Giorgia Meloni མཆོག་གིས་འདི་ཐད་ཕྱི་ཟླ་ ༡༢ བར་ཐག་གཅོད་གཅིག་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཆབ་སྲིད་ཀྱི་འཕོ་འགྱུར་འདིའི་ཐད་ཨི་ཊ་ལི་མི་ལ་ནོ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཟུར་པ་ཆོས་གྲུབ་ཚེ་རིང་ལགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་དབར་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། གུ་རུ་ཆོས་སྐྱིད།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།