རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ལྷོད་དུ་སོང་ཡོད་པ།

2023.08.29
རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ལྷོད་དུ་སོང་ཡོད་པ།
ཨེ་པི།

རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པའི་མྱུར་ཚད་ལྷོད་དུ་སོང་ནས་ཡུལ་ཐང་རིན་གོང་ཚད་གཞི་ལས་ལྷག་པ་ཆགས་ཡོད་པ་ནི།  དཔལ་འབྱོར་རིག་པའི་ཐོག་ནས་དོ་སྣང་བྱེད་གཞི་གཅིག་ཏུ་གྱུར་ཡོད་པ་དང་།  རྒྱ་ནག་ནང་ན་གཞོན་ལས་མེད་ཀྱི་གྲངས་འབོར་འདི་བཞིན་འདས་པའི་ཟླ་ཤས་རིང་བརྒྱ་ཆ་ ༢༠ བརྒལ་བར་གྱུར་ཡོད་པ་གནས་ཚུལ་ཐོན་ཡོད་པ་རེད།  དུས་སྐབས་འདིར་ཨ་རིའི་ནོར་སྲིད་དྲུང་ཆེ་གྷི་ན་རཡེམོནཌོ་མཆོག་རྒྱ་ནག་ཏུ་ཕེབས་ཏེ་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་དབར་ལ་ཚོང་དོན་དང་དཔལ་འབྱོར་གྱི་དཀའ་རྙོག་ཁག་སེལ་ཐབས་ཐད་གླེང་མོལ་བྱེད་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཨ་ཪིའི་ནང་མིཏ་སུ་སྦིཤི་དཔལ་འབྱོར་སྡེ་ཚན་དང་དངུལ་ཁང་ནང་གཙོ་འཛིན་གཞོན་པའི་གོ་གནས་ཐོག་འགན་འཁུར་བཞེས་བཞིན་པ་དཔལ་འབྱོར་རིག་པ་བ་རྟའུ་བསྟན་འཛིན་དམ་ཆོས་ལགས་དང་ལྷན་རྒྱ་ནག་གི་དཔལ་བྱོར་ཉམས་རྒུད་ཀྱི་གནས་སྟངས་ལ་དབྱེ་ཞིབ་ཞུ་སླད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
image_6483441.JPG
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུར་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎