བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར།
བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་འདི་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་སྙན་སྒྲོན་གནང་སྟེ་ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བཏོན་ཟིན་པ་ཡོད་པ་རེད། དེ་བཞིན་ཟླ་བ་འདིའི་ནང་ཁེ་ན་ཌའི་གྲོས་ཚོགས་འོག་མར་བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཅིག་སྤྱི་མོས་ཀྱི་གཏན་འབེབས་གནང་པ་ནི་ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་གྲོས་ཆོད་གཅིག་ལོ་ ༡༥ རྗེས་སུ་རྒྱབ་སྐྱོར་ཚད་གཞི་མཐོ་པོའི་ངང་གཏན་འབེབས་གནང་པ་ཐོག་མར་ཡིན་པས། ཁྲིམས་འཆར་དང་གྲོས་ཆོད་འདི་དག་གི་གལ་གནད་ལ་བསྐྱར་ཞིབ་ཞུ་སླད་བདུན་རེའི་དཔྱད་བརྗོད་ཀྱི་གླེང་སྟེགས་ལས་རིམ་འདིའི་ནང་། བཀྲ་ཤིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་ཁན། ཡེ་ཤེས་བཀྲ་ཤིས།