གསར་འགྱུར་ཡིག་ཚགས།
2024-07-31
རྒྱ་ནག་གཞུང་གིས་བོད་ནང་གི་དཔལ་འབྱོར་ཡར་རྒྱས་བྱུང་ཡོད་སྐོར་བསྒྲགས་བཞིན་པ་དེས་བོད་མི་ཚོར་ཁེ་ཕན་ཉུང་ཙམ་ལས་མེད་ཅིང་རྒྱ་རིགས་ཚོར་ཁེ་ཕན་བྱུང་བཞིན་ཡོད་པ་བོད་ནང་གི་བོད་མིས་བརྗོད་བྱུང་།
2024-07-30
བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་གདན་ས་ཆེན་པོ་འབྲས་སྤུངས་དགོན་གྱི་དཔེ་ཁྲིད་དགེ་ཐེ་བོ་དཀོན་མཆོག་ཉི་མ་ལགས་སུ་རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་མིང་ཐོག་ནས་མི་ལོ་ ༢༠ བཙོན་འཇུག་གི་ཁྲིམས་ཐག་བཅད་རྗེས། ཞིབ་ཕྲའི་གནས་ཚུལ་སོགས་ཤེས་རྟོགས་གང་ཡང་མེད་པར་ངོ་ལོ་ ༡༧ འགྲོ་བཞིན་ཡོད་པ།
2024-07-29
རྒྱ་ནག་གཞུང་གིས་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔའ་ཁ་གྲོང་རྡལ་གྱི་ཉེ་འགྲམ་རྨ་ཆུ་གཙང་པོར་ཆུ་ཤུགས་གློག་འདོན་ས་ཚིགས་རྒྱག་ཆེད་ད་ལྟ་ཨ་ཚོགས་དགོན་པ་གཏོར་བཤིག་གིས་རྗེས་ཤུལ་ཙམ་ཡང་མེད་པ་བཟོས་ཡོད་འདུག
2024-07-29
དགའ་ལྡན་བྱང་རྩེ་རྡོ་ར་མཁན་ཟུར་རྗེ་བཙུན་བློ་བཟང་ཚེ་འཕེལ་མཆོག་དང་དགེ་བཤེས་པདྨ་ཚེ་དབང་གཉིས་ལ་ཁེ་ཎ་ཌའི་ཨལ་བྷར་ཌ་མངའ་སྡེའི་གྲོས་ཚོགས་ནས་འཛམ་གླིང་གི་རྒྱལ་ཁབ་སྤྱི་དང་ལྷག་པར་དུ་མངའ་སྡེ་དེའི་མི་དམངས་མང་པོའི་ལུས་སེམས་ལ་ཞི་བདེ་བསྐྲུན་པར་ཆེ་བསྟོད་ཆེ་བསྟོད་ཕྱག་འཁྱེར་ཤིག་ཕུལ་འདུག
2024-07-27
བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་དང་ལྷག་པར་གཞོན་སྐྱེས་རྣམས་ལ་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་དོར་དུ་བཅུག་ཡག་དེ་བོད་ཀྱི་མི་རིགས་རྩ་མེད་གཏོང་བའི་གོམ་སྟབས་ཇེ་མགྱོགས་དང་རྒྱ་ནག་གི་རྒྱ་བསྒྱུར་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཡིན་པའི་སྐོར།
2024-07-27
རྒྱ་ནག་གིས་བྱང་གནམ་མཚོའི་མཚོ་གཏིང་བསྔོག་ནས་མཚོ་འོག་གི་བྲག་རྡོའི་སྙིགས་རོའི་འདྲ་དཔེ་མང་པོ་ཞིག་བརྔོག་འདོན་བྱེད་ཐུབ་ཡོད་པ་དེས་གནམ་གཤིས་འགྱུར་བ་དང་སྐྱེས་ཁམས་ཁོར་ཡུག་བཅས་ཀྱི་ཐད་གནས་ཚུལ་གལ་ཆེན་མཁོ་སྤྲོད་བྱེད་པ་སོགས་ཀྱི་སྐོར།
2024-07-27
རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་ཡོད་པའི་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དགོན་པ་ཤུལ་མེད་གཏོར་བཤིག་བཏང་བའི་གནད་དོན་དང་འབྲེལ་བའི་སྐོར།
2024-07-26
རྒྱ་ནག་གཞུང་གིས་གྲོང་གསེབ་ཀྱི་ངལ་རྩོལ་སྤོ་སྒྱུར་དང་འབྲེལ་བའི་སྲིད་ཇུས་འོག་བོད་ནང་གི་གཏེར་ཁ་སྔོག་འདོན་ལ་དོ་དམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག
2024-07-25
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སིས་མཆོག་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་འཆར་དངོས་སུ་ཁྲིམས་ཡིག་ལ་གཏན་འབེབས་བྱུང་བར་དགའ་བསུ་ཞུས་གནང་བ་དང་སྦྲགས་ཁྲིམས་ཡིག་གསར་པ་དེས་བོད་མི་ཚོར་རེ་བ་སྤྲོད་རྒྱུ་ཡིན་པ་གསུངས་འདུག
2024-07-25
བོད་ནང་དམར་ཤོག་ཚོགས་པའི་ཆོས་ལུགས་ལས་དོན་ཚོགས་ཆུང་དང་ཆོས་ལུགས་མི་སྣའི་འཐུས་ཚབ་ཀྱི་བཞུགས་མོལ་ཚོགས་འདུ་ཟེར་བ་སོགས་འཚོགས་བཞིན་མི་རིགས་རྩ་མེད་དུ་གཏོང་རྒྱུའི་གོམས་སྟབས་མགྱོགས་སུ་གཏོང་བཞིན་པ་བློ་ཚབས་སྐྱེས་གཞི་ཡིན་པ་ཉམས་ཞིབ་པས་གསུངས་བྱུང་།
2024-07-25
ཨ་རིའི་སྲིད་འཛིན་མཆོག་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་བོད་དོན་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་གྱུར་བ་ནི་བོད་དོན་འཐབ་རྩོད་གནང་མཁན་ཙམ་དུ་མ་ཟད་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཡོངས་ལ་གཏམ་བཟང་ཡིན་པ་བདེ་སྲུང་བཀའ་བློན་མཆོག་གིས་གསུངས་སོང་།
2024-07-24
ཨ་མི་རི་ཀས་བོད་དོན་ཁྲིམས་ཡིག་གཏན་འབེབས་གནང་པ་འདིས། རྒྱ་ནག་གཞུང་གིས་བོད་རང་བཙན་ཡིན་པ་ཁས་ལེན་བྱེད་མཁན་རྒྱལ་ཁབ་གཅིག་ཀྱང་མེད་ཟེར་བ་འདིར་ད་ཆ་རྒྱ་ནག་གིས་གདོང་ལེན་བྱ་དགོས་ཆགས་པ་རེད་ཅེས་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
2024-07-24
སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཧན་ཡོན་རྫོང་ཁོངས་སུ་དྲག་ཆར་བབས་རྐྱེན་ས་རུད་དང་ཆུ་ལོག་གི་གནོད་འཚེ་འོག་ས་གནས་སུ་འཕྲིན་གཏོང་དང་གཞུང་ལམ། ཟམ་པ་སོགས་ཆད་པའི་གནོད་འཚེ་འདིའི་ཁྲོད་མི་༣༠ལྷག་གར་སོང་ཆ་མེད་གྱུར་པ་དང་། མྱུར་སྐྱོབ་ཁྲོད་ཕུང་པོ་༨རྙེད་སོན་བྱུང་འདུག