གསར་འགྱུར་ཡིག་ཚགས།
2024-03-22
རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༣ དང་། གཏན་འབེབས་ལ་དགག་བྱ་གནང་མཁན་ ༣༤ བྱུང་སྟེ། སྤྱི་འཐུས་སྒེར་གྱི་གྲོས་འཆར་ཡིག་ཆ་ཨང་ ༡༢ མང་མོས་གཏན་འབེབས་བྱ་མ་ཐུབ་པར་ཟགས་ཡོད་པ་རེད།
2024-03-21
རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་པའི་རྩོམ་པ་དེ་དག་ལ་དོན་ངོ་མའི་དོ་འཁུར་དང་རྒྱབ་སྐྱོར་སྔར་ལྷག་གནང་རོགས་ཞེས་རྒྱལ་སྤྱིའི་སྙན་ངག་གི་ཉིན་མོར་འབོད་སྐུལ་གནང་པ།
2024-03-21
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༥པའི་སྐབས་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་ཐུགས་འཚབ་ཡོད་པ་དང་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་འདུག
2024-03-21
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཨོསི་ཊརེ་ལི་ཡའི་ནང་འཚམས་གཟིགས་འབྱོར་ཡོད་པའི་སྐབས་དང་བསྟུན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གྲོང་ཁྱེར་སིཌ་ནིའི་ནང་མུ་མཐུད་ངོ་རྒོལ་སྐད་འབོད་གནང་འདུག
2024-03-21
འཛམ་གླིང་སྙན་ངག་ཉིན་མོ་ཞེས་སྙན་ངག་ལ་འགྲོ་བ་མིའི་སེམས་ཀྱི་གསར་གཏོད་ཀྱི་ནུས་པ་འཛིན་པའི་ནུས་པ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ངོས་འཛིན་ཆེད་དུ་དགའ་སྟོན་བྱེད་ཀྱི་ཡོད།
2024-03-21
བོད་ཀྱི་སྲོལ་རྒྱུན་གྱི་རོལ་ཆའི་ཁྲོད་སྒྲ་སྙན་གྱི་རོལ་ཆ་དེའི་བརྒྱུད་ནས་བོད་མི་རིགས་ཀྱི་གླུ་གར་གྱི་སྒྱུ་རྩལ་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཟབ་མོ་ཞིག་མངོན་པར་བྱེད་ཀྱི་ཡོད་པ་རེད།
2024-03-21
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་རྒྱུན་གྲོན་སྔོན་རྩིས་བསྡོམས་ཧིན་སྒོར་ས་ཡ་བཅུ་གཅིག་དང་བདུན་འབུམ་བདུན་ཁྲི་ལྷག་གྲོས་ཚོགས་ཀྱིས་སྤྱི་མོས་གཏན་འབེབས་གནང་སོང་།
2024-03-21
རྒྱ་ནག་གཞུང་ཕྱོགས་ནས་ཉག་ཆུ་རྫོང་གི་ཉེ་འཁོར་ས་གནས་ཁག་གི་བོད་མིའི་དུད་ཁྱིམ་རེ་ནས་སྐྱེས་པ་རེ་རེ་མེ་གསོད་དུ་ཡོང་དགོས་པའི་བཀོད་ཁྱབ་གཏོང་བཞིན་ཡོད་འདུག
2024-03-21
གཙོ་བོ་ཕྱག་ལས་གནང་སྐབས་ཅི་ཐུབ་གང་ཐུབ་ཀྱིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེན་ཡིན་པ་བཀའ་སྩལ་བའི་སྐོར། ༸སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་འགྲེལ་བརྗོད་གནང་གི་འདུག
2024-03-20
སྤྱི་ནོར་༧གོང་ས་མཆོག་གིས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་གཞོན་སྐྱེས་འགོ་ཁྲིད་ཁག་ཅིག་དང་ལྷན་བྱམས་སྙིང་རྗེའི་སྤྱོད་པ་ལ་འཇུག་པ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་ཡོད་པ་རེད།
2024-03-20
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཨོསི་ཊརེ་ལི་ཡའི་ནང་འཚམས་གཟིགས་འབྱོར་བའི་སྐབས་དང་བསྟུན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ཚབ་མདུན་བཅས་སུ་ངོ་རྒོལ་བྱས་འདུག
2024-03-20
ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ཨོསི་ཊརེ་ལི་ཡའི་ནང་འཚམས་གཟིགས་གནང་བཞིན་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་དང་མཇལ་འཕྲད་གནང་སྐབས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་ཡོད་པ་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་དང་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བའི་ནང་གསལ་འདུག
2024-03-20
ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་བར་རྒྱབ་སྐྱོར་བྱས་པ་བརྒྱུད་རྒྱལ་ཁབ་ལ་ངོ་ལོག་ཟིང་འཁྲུག་སློང་མཁན་ཚོར་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་གཏན་འབེབས་བྱས་ཡོད་འདུག
2024-03-20
བོད་ཀྱི་གསུང་རབ་དང་དཔེ་དེབ་སོགས་གལ་ཆེའི་ཡིག་རིགས་རྣམས་གྲངས་འཛིན་དཔེ་མཛོད་དུ་བཅུག་ནས་ཉར་ཚགས་ཡོང་ཐབས་སུ་ཨ་སྒོར་ས་ཡ་དྲུག་གི་རོགས་དངུལ་བཀའ་ཁྲོལ་ཐོན་པའི་ལོ་གསུམ་རིང་གི་ལས་འཆར་ཞིག་དབུ་འཛུགས་གནང་ཡོད་པ།
2024-03-20
ཧོང་ཀོང་ས་གནས་ཁྲིམས་བཟོ་པ་ཚོས་སྤྱི་མོས་ཐོག་ནས་ས་གནས་གཞུང་དང་རྒྱ་ནག་དབུས་གཞུང་གིས་རྒྱབ་གཉེར་བྱས་པའི་གྲོས་གཞི་དོན་ཚན་༢༣ཟེར་བ་དེ་ཁ་ས་གྲོས་ཆོད་ལ་གཏན་འབེབས་བྱས་པའི་གནད་དོན།