གསར་འགྱུར་ཡིག་ཚགས།
2024-05-28
ལོ་ལྟར་བོད་ཟླ་ ༤ པའི་ས་ག་ཟླ་བའི་ཚེས་ ༡༥ ཉིན་དང་། འདི་ལོའི་ཕྱི་ཟླ་༥ཚེས་༢༣་ཉིན་ནི་མངའ་རིས་དར་ཆེན་སྒྲེངས་འཛུགས་ཀྱི་ཉིན་ལ་འཁེལ་ཡོད་པ་བཞིན།རྒྱ་ནག་གཞུང་གིས་འདི་ལོ་མངའ་རིས་དར་ཆེན་སྒྲེངས་འཛུགས་དང་འབྲེལ་མི་ཚོགས་འདུ་འཛོམས་ལ་ཚོད་འཛིན་དང་། དར་ཆེན་སྒྲེངས་འཛུགས་སྐབས་མི་མང་འདུ་འཛོམས་མཁའ་དབྱིངས་སུ་མི་མེད་བརྙན་མིག་འཕུར་སྐྱོད་མི་ཆོག་པའི་གསལ་བསྒྲགས་དང་། དར་ཆེན་སྒྲེངས་འཛུགས་ལ་འགྲོ་མཁན་ཚོར་ཞིབ་བཤེར་དང་སྤྱི་ཚོགས་བདེ་འཇགས་དང་ཟིང་འཁྲུག་མི་ལངས་པའི་ཁས་ལེན་བྱེད་བཅུག་ཡོད་པ།བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས།འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2024-05-28
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་བྲག་དཀར་རྫོང་གི་དགེ་འདུན་པ་ཀུན་བཟང་ཀློང་ཡངས་ཞུ་བ་ཞིག་ས་གནས་རྒྱ་ནག་གཞུང་གིས་ཆ་རྐྱེན་བཏོན་པ་ལྟར་དགོན་པར་ཞུགས་རྒྱུར་རང་ལོ་ ༡༨ ཟིན་མེད་སྟབས་དགོན་པར་སྡོད་མི་ཆོག་པའི་བཙན་བཀའ་བཏང་བར་བརྟེན། དགོན་པ་ནས་ཕྱིར་འབུད་བྱས་པའི་དོན་རྐྱེན་དང་འབྲེལ་ཏེ་ཁོང་གིས་རང་སྲོག་བཅད་ཡོད་པ་པ་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་འབོད་མ་བྱས་པའི་བོད་ནང་གི་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
2024-05-25
རྒྱ་ནག་མི་སེར་རྒྱལ་ཁབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཁོངས་གཏོགས་ཀྱི་འབྲེལ་བ་མིན་ཡང་ཞི་བདེ་མཉམ་གནས་བྱེད་དགོས་པའི་འབོད་སྐུལ་གནང་བ།
2024-05-25
ཨ་མི་རི་ཀའི་མངའ་སྡེ་Indiana ནང་ཡོད་པའི་Earlhamགཙུག་ལག་སློབ་གཉེར་ཁང་ནང་དུ་གདན་ཞུས་སློབ་དཔོན་དགེ་བཤེས་བསྟན་འཛིན་དམ་ཆོས་ལགས་ཀྱིས་ནང་ཆོས་དང་ཚན་རིག་ཅེས་པའི་སློབ་ཚན་ཁྲིད་པ།
2024-05-25
སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་མཆོག་གིས་ཨ་རིའི་ཧར་ཝརཌི་གཙུག་ལག་སློབ་ཆེན་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་བཞེས་ཡོད་པ།
2024-05-25
རྒྱ་ནག་གཞུང་དང་གཞུང་འབྲེལ་གྱི་གཏེར་འདོན་ཚན་པ་ཁག་གིས་བོད་ནང་གཏེར་ཁ་བརྔོག་འདོན་ཤུགས་བྱས་པ་དང་བྱེད་བཞིན་པའི་རྐྱེན་གྱིས་བོད་ཀྱི་གཙང་ཆུ་ཁག་ལྕགས་རིགས་གཏེར་རྫས་དང་དུག་རྫས་ཀྱི་འབག་བཙོག་གི་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པ།
2024-05-25
ཨ་རིའི་ཀོ་ལོ་རེ་ཌོ་ (Colorado) མངའ་སྡེའི་ནང་དབུས་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་མིར་འགོག་རྒོལ་གྱི་སྦྱོང་བརྡར་སྤྲོད་ཡུལ་དུ་དུས་དྲན་སྲུང་བརྩི་ཞུ་གཏན་འཁེལ་འདུག
2024-05-25
དབྱིན་ཡུལ་ནང་Florence Nightangle Foundation ཞེས་པའི་ཐེབས་རྩ་ཚོགས་པས་ལོ་ངོ་ ༩༠ འཁོར་བའི་དུས་དྲན་སྐབས་མཉམ་ཞུགས་གནང་ཡོད་པ།
2024-05-25
རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་མན་ཌི་ས་གནས་སུ་འོས་བསྡུའི་དྲིལ་བསྒྲགས་གནང་སྐབས་རྒྱ་གར་གྱི་སྲིད་བློན་ན་རེནདྲ་མོ་དྷི་ (Narendra Modi) མཆོག་གིས་སྤྱི་ནོར་༧གོང་ས་༧ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཡང་ཡང་ཞུ་གི་ཡོད་ཅེས་གསུངས་འདུག
2024-05-25
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཉེ་ཆར་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་གི་ནང་ཕྱོགས་བསྒྱོད་གནང་བ།
2024-05-25
དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཕརཱ་སི་བསོད་ནམས་ཚེ་རིང་ལགས་དང་དོན་ཁང་གི་དྲུང་ཆེ་བློ་ཆོས་བསམ་གཏན་ལགས་གཉིས་ཀྱིས་དབྱིན་ཇིའི་སྲིད་བློན་ལས་ཁུངས་སུ་འཛམ་གླིང་གི་ས་ག་ཟླ་བའི་དུས་ཆེན་གྱི་ཉིན་མོ་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག
2024-05-24
ཨ་རིའི་སྲིད་འཛིན་གྱིས་ས་ག་ཟླ་བར་འཚམས་འཕྲིན་གནང་བ་དང་ཕོ་བྲང་དཀར་པོའི་ངོས་ནས་ནང་པའི་སྐུ་ཚབ་མང་པོ་མཉམ་འཛོམས་ཀྱིས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་གནང་འདུག
2024-05-24
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་བཅར་མཁན་མི་གྲངས་༢༠༠ལྷག་ལ་བཀའ་སློབ་སྩལ་འདུག