བོད་མིར་རྒྱ་དམག་འགོག་རྒོལ་གྱི་སྦྱོང་བརྡར་སྤྲོད་ཡུལ་ཀོ་ལོ་རེ་ཌོར་དུས་དྲན་སྲུང་བརྩི་ཞུ་གཏན་འཁེལ་བ།

2024.05.25
བོད་མིར་རྒྱ་དམག་འགོག་རྒོལ་གྱི་སྦྱོང་བརྡར་སྤྲོད་ཡུལ་ཀོ་ལོ་རེ་ཌོར་དུས་དྲན་སྲུང་བརྩི་ཞུ་གཏན་འཁེལ་བ།
ཁོ་ལོ་ར་ཌོ་མཐོ་སློབ།

ཨ་རི་དབུས་གསང་བའི་ལས་ཁུངས་ (CIA) ཡིས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་བོད་མིས་འགོག་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཆེད་ཕྱི་ལོ་ ༡༩༥༨ ནས་ ༡༩༦༤ བར་ལོ་ངོ་དྲུག་ཙམ་གྱི་རིང་ཨ་རིའི་དབུས་ནུབ་ཀོ་ལོ་རེ་ཌོ་མངའ་སྡེའི་ནང་དམག་འཐབ་ཀྱི་སྦྱོང་བརྡར་སྤྲད་ཡོད་པ་ལྟར། སྦྱོང་བརྡར་བྱེད་ཡུལ་ ཧེལ་རྒྱལ་ཡོངས་དྲན་རྟེན་སྒར་ (Camp Hale National Monument) ཞེས་པའི་ས་གནས་སུ་མངའ་སྡེ་དེའི་ནང་གི་བོད་མིའི་སྤྱི་མཐུན་ཚོགས་པ་དང་། ཀོ་ལོ་རེ་ཌོ་གཙུག་ལག་སློབ་གཉེར་ཁང་གི་མི་རྒྱུད་དཔྱད་རིག་སྡེ་ཚན། (Tibet Himalayan Initiative) བཅས་མཉམ་སྦྲེལ་གྱི་ཐོག་ནས་རིང་མིན་ཕྱི་ཟླ་ ༦ ཚེས་ ༧ ནས་ ༩ བར་སྦྱོང་བརྡར་གནང་པའི་བརྒྱུད་རིམ་ལ་དྲན་གསོ་ཞུ་རྒྱུ་ཡིན་འདུག
ཕྱི་ཟླ་ ༦ ཚེས་ ༧ ཉིན་རྒྱ་གར་ནས་གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་ རི་ཏུ་ས་རིན་བསོད་ནམས་ལགས་གཉིས། དེ་བཞིན་དབུས་གསང་བའི་ལས་ཁུངས་ཀྱི་སྐབས་དེའི་ལས་བྱེད་ད་ཆ་བགྲེས་ཡོལ་དུ་ཕེབས་ཟིན་པ་ སྦུརུསི་ ཝལ་ཀར་ (Bruce Walker) ལགས་བཅས་ཀྱིས་དབུས་གསང་བའི་ལས་ཁུངས་ཀྱིས་སྐབས་དེར་སྦྱོང་བརྡར་སྤྲད་པའི་བརྒྱུད་རིམ་སྐོར་ཉམས་ཞིབ་ཀྱིས་གཏམ་བཤད་གནང་རྒྱུ་ཡིན་ཞིང་། སྦྱོང་བརྡར་བྱེད་ཡུལ་གྱི་ས་ཚིགས་དེར་སྔ་མོ་ནས་བོད་མི་ཚོས་ལྡུམ་ར་ཞེས་འབོད་སྲོལ་ཡོད་པས་གཏམ་བཤད་ཀྱི་བརྗོད་གཞིར་ལྡུམ་ར་ཞེས་གཏན་འབེབས་བྱས་འདུག
དམག་སྦྱོང་བྱེད་ཡུལ་གྱི་ས་ཚིགས་དེར་ཕྱི་ལོ་ ༡༩༥༨ ནས་ ༡༩༦༤ བར་བོད་པའི་དྭང་སློབ་བམ་ཆུ་སྒང་བསྟན་སྲུང་དྭང་བླངས་དམག་མིའི་སྡེ་ཁག་ལ་རྒྱ་ནག་དམར་ཤོག་གི་དྲག་པོའི་དམག་གི་སྟོབས་ཤུགས་འོག་ནས་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རྒྱ་དམག་ལ་འགོག་རྒོལ་བྱེད་རྒྱུར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་དམག་གི་སྦྱོང་བརྡར་སྤྲད་པ་ཞིག་ཡིན་པ་རེད།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎