ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས་ས་ག་ཟླ་བའི་ཚེས་༡༥འདི་བཞིན་གཞུང་འབྲེལ་ལམ་སྲོལ་རྒྱུན་བསྐྱངས་ཏེ་ལོ་ངོ་བཞི་བསྟུད་མར་སྲུང་བརྩི་ཞུས་གནང་ཡོད།

2024.05.24
ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས་ས་ག་ཟླ་བའི་ཚེས་༡༥འདི་བཞིན་གཞུང་འབྲེལ་ལམ་སྲོལ་རྒྱུན་བསྐྱངས་ཏེ་ལོ་ངོ་བཞི་བསྟུད་མར་སྲུང་བརྩི་ཞུས་གནང་ཡོད།
RFA

ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས་ཕྱི་ཚེས་༢༣སྟེ་ས་ག་ཟླ་བའི་ཚེས་༡༥འདི་བཞིན་གཞུང་འབྲེལ་ལམ་སྲོལ་རྒྱུན་བསྐྱངས་ཏེ་ལོ་ངོ་བཞི་བསྟུད་མར་སྲུང་བརྩི་ཞུས་གནང་ཡོད་ཅིང་། མཛད་སྒོ་དེར་བཅར་བའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་ལགས་ཀྱིས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕོ་བྲང་དཀར་པོའི་ནང་དུ་དེ་ལྟ་བུའི་ལུགས་སྲོལ་ཞིག་ལ་མཉམ་ཞུགས་བྱེད་པ་དེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་རྣམས་ཁྱབ་སྤེལ་བྱེད་པའི་གོ་སྐབས་ཤིག་སྤྲོད་ཀྱི་ཡོད་པ་གསུངས་འདུག གནས་ཚུལ་རྒྱས་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎