གསར་འགྱུར་ཡིག་ཚགས།
2025-03-15
རྒྱ་ནག་གིས་མི་སོ་རི་མངའ་སྡེ་ལ་ཨ་སྒོར་ཐེར་འབུམ་༢༤ལྷག་གི་གུན་གསབ་སྤྲོད་དགོས་པའི་ཁྲིམས་ཐག་བཅད་ཡོད་ཀྱང་རྒྱ་ནག་གིས་དེར་ངོས་ལེན་བྱེད་ཀྱི་མེད་པ།
2025-03-15
རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཐོག་ནས་བོད་ནང་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས།
2025-03-15
བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁུལ་ཟངས་ཀྱི་གཏེར་ཁ་ཀྲོན་ས་ཡ་༢༠ ཙམ་ཞིག་བརྙེད་སོན་བྱུང་ཡོད་པ་དེ་ནི་ལོ་རྒྱུས་ཐོག་འདི་ལྟ་བུའི་ཧ་ཅང་ཕོན་ཆེ་བའི་ཟངས་ཀྱི་གཏེར་ཁ་བརྙེད་སོན་བྱུང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་འདུག
2025-03-15
འཇར་མ་ནིའི་ཁོངས་སུ་གྲོང་སྡེ་ལྷན་ཚོགས་དང་རྫོང་སོགས་མི་འདྲ་བ་ ༤༠༠ བརྒལ་བའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་ལ། དེ་བཞིན་ཨ་རི་དང་། ཡོ་རོབ་ས་ཁུལ་ཁག་ཏུའང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ་རེད།
2025-03-15
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་སྲིད་བློན་གསར་པ་ (Mark Carney) ལགས་སུ་འཚམས་འདྲིའི་གསུང་འཕྲིན་སྩལ་བ་དང་འབྲེལ། ཁེ་ན་ཌའི་གཞུང་མང་གཉིས་ནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཞིང་། སྲིད་བློན་གསར་པའི་དབུ་ཁྲིད་འོག་ཁྱབ་ཁོངས་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་དང་། ཞི་བདེ་ལྡན་པའི་གོ་ལ་བསྐྲུན་རྒྱུར་ཞབས་འདེགས་བསྒྲུབ་ཐུབ་པའི་ཐུགས་སྨོན་མཛད་འདུག
2025-03-15
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྒྲུབ་བྱ་༥༤ལ་དགེ་སློང་གི་སྡོམ་པ་སྩལ་བ་དང་སྦྲགས། དགེ་འདུན་པ་རྣམས་ནས་སངས་རྒྱས་ཀྱི་བསྟན་པར་ཡིད་སྨོན་ཙམ་མ་ཡིན་པར་གཙོ་བོ་ནང་ཆོས་ལ་བསླབ་པ་སློབ་གཉེར་ཚད་ལྡན་གནང་ཐོག་ཉམས་ལེན་གནང་དགོས་གལ་ཆེ་བ་ཡིན་པའི་བཀའ་སྩལ་འདུག
2025-03-14
ཐའེ་ལནྡི་གཞུང་གིས་ཡུ་གུར་པ ༤༠ ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲད་པར་ནུབ་ཕྱོགས་རྒྱལ་ཁབ་དང་མི་ཐོབ་སྒྲིག་འཛུགས་ཁག་གིས་སྐྱོན་བརྗོད་བྱས་ཡོད་པ།
2025-03-14
བོད་ཀྱི་མཚོ་རྣམས་རྒྱས་ནས་འཕྱུར་བཞིན་ཡོད་པ་དང་ཚན་རིག་ཉམས་ཞིབ་པ་རྣམས་ཀྱིས་དེའི་རྒྱུ་མཚན་ཇི་ཡིན་རྟོགས་ཞིབ་བྱེད་བཞིན་ཡོད་པའི་སྐོར།
2025-03-14
ཕྱི་ཚེས་༣ དང་༤ དང་༥ བཅས་གཉིས་རིང་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ས་གནས་ཀྱིས་མི་ལོ་༦༠ ཧྲིལ་པོར་འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་ཡོད་པ་རེད།
2025-03-14
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་བལ་ཡུལ་ནས་རྐུན་ལ་ཤོར་བའི་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
2025-03-14
རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱེད་པའི་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའམ་Friends of Tibet ཐོག་མར་ཆེད་བཙུགས་གནང་དགོས་པའི་དམིགས་ཡུལ།
2025-03-14
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་ཐེ་ཝན་གྱི་གཞུང་ཚབ་ལྟ་བུའི་ལས་ཁང་གི་མིང་བསྒྱུར་བཅོས་བྱེད་པའི་ཁྲིམས་འཆར་ཞིག་ངོ་སྤྲོད་གནང་ཡོད་འདུག
2025-03-14
ཨིན་ཇིའི་ནུས་ཁུངས་དང་གནམ་ཤིས་འགྱུར་ལྡོག་ (UK Energy & Climate Ministry) གི་དྲུང་ཆེ་ཨེཌ་མི་ལི་བྷེནཌ་(Ed Miliband) ལགས་ཀྱིས་འདི་ཚེས་ ༡༧ ཉིན་རྒྱ་ནག་རྒྱལ་ས་པེ་ཅིང་ཏུ་ཕེབས་རྒྱུ་ཡིན་པར་རྒྱ་ནག་དང་ལྷན། ནུས་ཁུངས་མཉམ་ལས་དང་རྒྱ་ནག་ནི་འཛམ་གླིང་ནང་གི་མཁའ་རླུང་ལ་ནག་རྫས་གཏོང་མཁན་ཆེ་ཤོས་གྲས་ཡིན་པས་དེར་གདོང་ལེན་བྱ་རྒྱུ་བཅས་གནད་དོན་གཙོ་བོ་གཉིས་ཀྱི་ཐོག་གྲོས་མོལ་བྱ་རྒྱུ་ཡིན་སྐོར་དེ་རིང་རྒྱལ་སྤྱིའི་གསར་ཁང་ (The Guardian) བརྒྱུད་གསུངས་འདུག་པ་ལས། སྐབས་དེར་བློན་ཆེན་མཆོག་ནས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནད་དོན་སྐོར་གླེང་སློང་གནང་རྒྱུ་ཡིན་སྐོར་གང་ཡང་གསལ་སྟོན་གནང་མི་འདུག
2025-03-14
ཚེས་བཅུའི་གཟབ་གསོལ་སྐབས་དང་བསྟུན་གནས་ཆུང་ཆོས་རྒྱལ་ཆེན་པོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཆེད་དམིགས་བཀའ་ལུང་ཕེབས་པའི་ནང་ཕྱིའི་རོགས་དངུལ་ཡོང་ཕྱིར་ངང་སྲིང་གནང་ན་རིམ་བཞིན་དྭངས་སེལ་ཡོང་ངེས་ཡིན་པ་གསུངས་འདུག