གསར་འགྱུར་ཡིག་ཚགས།
2022-10-09
སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་རྗེའི་སྦྱན་རླབས་ལ་བརྟེན་ནས་ད་རེས་ང་ཚོས་འདིར་འབུམ་ཚོགས་ཕུལ་གྱི་ཡོད། ལྷག་ཏུ་མཁས་སློབ་ཆོས་གསུམ་དང་བོད་གངས་ཅན་པའི་དབར་ལས་དང་སྨོན་ལམ་གྱི་ཆ་ནས་དམིགས་བསལ་འབྲེལ་བ་ཡོད་པས། མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་དམ་བཅའ་གཞིར་བཞིག་གིས། བྱང་ཆུབ་སེམས་གང་ཐུབ་ཀྱི་ཉམས་ལེན་དགོས་གལ་ཆེ་བའི་སྐོར་བཀའ་སྩལ་གནང་སོང་།
2022-10-09
རྒྱ་གར་གཞུང་གི་ངོས་ནས་འགྲོ་གྲོན་བཏང་སྟེ་སོག་ཡིག་ཏུ་ཕབ་སྒྱུར་གནང་བའི་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོ་ཏི་༡༠༨ཆ་ཚང་དཔར་སྐྲུན་གྱིས་སོག་ཡུལ་མི་མང་ལ་ཕྱག་རྟགས་འབུལ་རྒྱུའི་མཛད་སྒོ་ཚོགས་འདུག
2022-10-08
རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐོག་དྲག་གནོན་ཆེ་བའི་སྲིད་ཇུས་འཛིན་བཞིན་པའི་གནད་དོན་སྐོར་གནད་དོན་ཉམས་ཞིབ་པས་དཔྱད་རྩོམ་སྤེལ་ཡོད་པ།
2022-10-08
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་སེམས་ཀྱི་ཞི་བདེ་དཀྲུག་མཁན་ནི་ཆགས་སྡང་གི་བློ་དེ་ཡིན་པ་སོགས་བཀའ་གནང་ཡོད་པ།
2022-10-08
བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་གསོན་པོར་གནས་ཐུབ་མིན་གྱི་ཆེས་འགག་རྩའི་དུས་ལ་སླེབས་ཡོད་ཅེས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨུཛ་རཱ་ཛི་ཡ་མཆོག་གིས་གསུངས་འདུག
2022-10-08
རྒྱ་གཞུང་གིས་བོད་ལ་Tibet ཞེས་རྒྱལ་སྤྱིའི་ནང་ཡོངས་གྲགས་ཐོག་ནས་འབོད་སྲོལ་ཡོད་པ་དེ་བསྒྱུར་བ་གཏོང་ཐབས་བྱེད་བཞིན་པ་གནད་དོན་དབྱེ་ཞིབ་པས་གསུངས་བ།
2022-10-08
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་སུད་སིར་བོད་མིའི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུ་ཁྲིད་རྣམས་དང་མཇལ་མོལ་གནང་ཡོད་པ།
2022-10-08
ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་འོག་འདི་ལོ་ནས་བཟུང་དགེ་བཙུན་རྣམས་ལ་ཚན་རིག་གི་བརྟག་དཔྱད་ཁང་ཁག་ནང་ཞིབ་འཇུག་གི་ལས་རིམ་གནང་ཕྱོགས་ཐད་སྦྱོང་བརྡར་ལོ་གསུམ་རིང་གནང་བཞིན་པ།
2022-10-08
ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་དགོན་པའི་ནང་བདེ་མཆོག་དྲིལ་བུ་ལུས་དཀྱིལ་པའི་ཟབ་འཁྲིད་དང་སྙན་བརྒྱུད་མན་ངག་རྣམ་གསུམ་གྱི་གསུང་ཆོས་བསྩལ་བ།
2022-10-08
འདི་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཚོས། འགྲོ་བ་མི་ཚང་མར་དགོས་མཁོའི་རང་དབང་དང་འཇིགས་སྐྲག་ལས་གྲོལ་བའི་རང་དབང་དགོས་པ་གཅིག་མཚུངས་ཡིན་པ་ངོས་འཛིན་གྱིས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ཡོངས་ཁྱབ་ཡིན་པ་གསལ་སྟོན་བྱེད་ཡོད་ཅེས་བཀའ་གནང་འདུག
2022-10-07
ཚེས་༧ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༠འཕར་ནས་ད་བར་བསྡོམས་འབོར་མི་གྲངས་༡༨༤༡༣ཟིན་འདུག
2022-10-07
རྒྱ་ནག་གཞུང་གིས་ཡུ་གུར་རིགས་རྒྱུད་རྩ་མེད་དུ་གཏོང་བཞིན་པའི་གནད་དོན་ཐད་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནང་བགྲོ་གླེང་མ་བྱུང་བར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་(ICC)་གིས་འདྲི་ཞིབ་དགོས་པ་ཞུ་གཏུག་བྱེད་བཞིན་འདུག
2022-10-07
རྫ་དམར་དང་སྦྱིན་བདག་ཞེས་པའི་ཚོགས་པ་དེའི་ལས་གཞིའི་འོག་ནས་གཞིས་རིམ་སློབ་གྲྭ་ཐོན་མཁན་ཉམས་ཐག་ཕྲུ་གུ་ཁག་ཅིག་ལ་སློན་ཡོན་གྱི་མཐུན་འགྱུར་རོགས་རམ་འཚོལ་ཞིབ་གནང་བཞིན་པ།
2022-10-07
༢༠༢༢ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཞི་བའི་མི་སེར་གྱི་རང་དབང་ལས་དོན་སྤེལ་མཁན་མི་སྒེར་བ་ཞིག་དང་ཚོགས་པ་གཉིས་བཅས་ལ་ཐོབ་འདུག