ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་འོག་དགེ་བཙུན་རྣམས་ལ་ཚན་རིག་བརྟག་དཔྱད་ཁང་ཁག་ནང་ཞིབ་འཇུག་གནང་ཕྱོགས་ཐད་སྦྱོང་བརྡར་ལོ་གསུམ་གནང་བཞིན་ཡོད་པ།
2022.10.08

ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་འོག་རྒྱུན་སྐྱོང་གི་ལས་གཞིར་འདི་ལོ་ནས་བཟུང་ལོ་གསུམ་རིང་བྱེས་ཀྱི་གདན་ས་དང་དགོན་སྡེ་ཁག་བཅུ་ནས་དགེ་བཙུན་རྣམས་ལ་ཚན་རིག་གི་བརྟག་དཔྱད་ཁང་ཁག་ནང་ཞིབ་འཇུག་གི་ལས་རིམ་གནང་ཕྱོགས་ཐད་སྦྱོང་བརྡར་ལོ་གསུམ་རིང་གནང་རྒྱུ་ཡིན་ཞིང་། ལོ་དང་པོར་སློབ་མ་ ༤ དང་ལས་བྱེད་འགན་འཁུར་བ་གཅིག་བཅས་ལ་དུས་ཡུན་ཟླ་བ་གཉིས་ཀྱི་ལས་རིམ་དངོས་སུ་འགོ་འཛུགས་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལས་འཆར་འགན་འཁུར་བ་དང་སྦྱོང་བརྡར་ནང་ཞུགས་མཁན་ཁག་ཅིག་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག