༸གོང་ས་མཆོག་མཧཱ་གུ་རུའི་འབུམ་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་པ།

2022.10.09
༸གོང་ས་མཆོག་མཧཱ་གུ་རུའི་འབུམ་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་པ། ༸གོང་ས་མཆོག་མཧཱ་གུ་རུའི་འབུམ་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་བཞིན་པ། ༢༠༢༢།༡༠།༠༩
OHHDL

ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༡༠ པའི་ཚེས་ ༠༩ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དང་སློབ་ནས་རྒྱུ་སྦྱོར་ཞུས་པའི་མཧཱ་གུ་རུའི་འབུམ་ཚོགས་ཀྱི་ཉིན་མཐའ་མའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་མཛད་སོང་།

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་སྐུ་བཞུགས་མཛད་རྗེས་བཀའ་སློབ་སྩལ་བའི་ནང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་ད་རེས་ང་ཚོས་འདིར་འབུམ་ཚོགས་ཕུལ་གྱི་ཡོད། ལྷག་ཏུ་མཁས་སློབ་ཆོས་གསུམ་དང་བོད་གངས་ཅན་པའི་དབར་ལས་དང་སྨོན་ལམ་གྱི་ཆ་ནས་དམིགས་བསལ་འབྲེལ་བ་ཡོད་པས། མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་དམ་བཅའ་གཞིར་བཞིག་གིས། བྱང་ཆུབ་སེམས་གང་ཐུབ་ཀྱི་ཉམས་ལེན་དགོས་གལ་ཆེ་བའི་སྐོར་བཀའ་སྩལ་གནང་སོང་།

banner_221009_065415.jpg

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ནང་སེམས་བཟང་གི་ཡོན་ཏན་ནི་འཛམ་གླིང་སྤྱི་ལ་དགོས་མཁོ་ཆེ་ཞིང་། མཐའ་ན་རྒྱ་ནག་དམར་ཤོག་ལ་ཡང་དགོས་མཁོ་ཡོད། ཇི་ཙམ་གྱི་སེམས་པ་བཟང་པོ་བྱས་ན། སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་སོགས་ཡོང་གི་ཡོད་པ་མ་ཟད། སོ་སོ་གནས་ཡུལ་ཁོར་ཡུག་དེ་ཡང་ཞི་བདེའི་ངང་གནས་ཐུབ། གང་ལྟར། ཆོས་དད་ཡོད་མེད་ལ་མ་བལྟོས་པར་སེམས་བཟང་པོ་བྱ་རྒྱུ་གལ་ཆེ་ཞེས་བཀའ་གནང་སོང་། 

གཞན་ཡང་ད་རེས་འབུམ་ཚོགས་ཀྱི་ཉིན་མཐའ་མར་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དབུས་པའི་དགེ་འདུན་པ་རྣམ་པ་དང་། ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་རྣམ་པ་། སྒྲོལ་མ་གླིང་བཙུན་དགོན་གྱི་བཙུན་མ་རྣམ་པ་སོགས་བཞུགས་སྒར་ཁུལ་གྱི་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ་ཚུད་པའི་མི་མང་རྣམ་པ་ལྷན་བཞུགས་ཐོག་མཧཱ་གུ་རུའི་ཚོགས་མཆོད་འབུམ་ཐེར་སྨིན་སྒྲུབ་ཞུས་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎