གསར་འགྱུར་ཡིག་ཚགས།
2025-04-25
ཨིན་ཡུལ་ནང་རྟེན་གཞི་བྱས་པའི་བྷོན་ཧམ་སི་རིན་སྡུར་ཚོང་སྒྱུར་ཁང་གིས་འདི་ལོའི་ཟླ་བ་ ༦ ཚེས་ ༤ ཉིན་འབྲས་སྤྱི་བློན་ཆེན་བྷ་སིལ་གྷོལྚ་(Sir Basil Gould) ལགས་ཀྱི་ཕྱོགས་བསྡུ་དང་། ཡིག་ཚགས་ཁག་རིན་སྡུར་གྱི་ལམ་ནས་ཚོང་སྒྱུར་གནང་རྒྱུའི་གསལ་བསྒྲགས་གནང་འདུག་ཅིང་། དེའི་ཁོངས་སུ་གཙོ་བོ་ཕྱི་ལོ་ ༡༩༤༠ ལོར་བྷ་སིལ་ལགས་གཙོས་པའི་ཆེད་གཉེར་དོན་གཅོད་ལྷ་སར་བསྐྱོད་པའི་གནས་ཚུལ་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཁྲི་འདོན་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
2025-04-23
བོད་ཀྱི་ཐེབས་རྩའི་མཐུན་སྦྱོར་བརྒྱུད་འདི་ལོ་ཕྱི་ལོ ༢༠༢༥ ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་དང་བསྟུན་ཟླ་ ༤ ཚེས་ ༢༣ རེས་གཟའ་ལྷག་པ་ཉིན་འཛམ་གླིང་ནང་སྙན་གྲགས་ཆེ་ཞིང་བྱིས་པ་ཚོས་ཆེས་དགའ་མོས་བྱེད་སའི་འགུལ་བརྙན་པེ་པ་པིག་(Peppa Pig) ལེ་ཚན་བོད་སྐད་ནང་དབུ་འབྱེད་གནང་འདུག
2025-03-21
རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་ངོས་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གསོ་བ་རིག་པའི་སྐོར་རྒྱ་གར་མང་ཚོགས་ལ་ཕན་རླབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ།
2025-03-20
ད་ལྟའི་བོད་ནི་གནས་ཚུལ་གྱི་"ནག་ཁུང་" ཞིག་ཡིན་པ། དེ་བཞིན་བོད་ནི་"ད་ལྟའི་འཛམ་གླིང་ནང་མནར་གཅོད་ཆེ་ཤོས་ཀྱི་ས་ཁུལ་" ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་གླེང་འདུག
2025-03-19
བོད་མིའི་ནུས་སྟོབས་བསྟི་གནས་ཁང་གིས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ ནང་ཡོད་པའི་དབང་པོ་སྐྱོན་ཅན་རྣམས་ལ་སྨན་བཅོས་ལྟ་སྐྱོང་དང་། སྤྱི་ཚོགས་རྒྱབ་ སྐྱོར། ཤེས་ཡོན་དང་སྦྱོང་བརྡར་སོགས་སྤྲད་ནས་སྤྱི་ཚོགས་དང་དཔལ་འབྱོར་གྱི་རང་ཁ་ རང་གསོ་དང་འཕེལ་རྒྱས་གཏོང་ཐབས་གནང་བཞིན་འདུག
2025-03-19
མོན་ཡུལ་མི་མང་རྣམས་ཀྱིས་ལོ་གསར་སྲུང་བརྩི་ཞུ་སྲོལ་དང་བོད་མི་རྣམས་ཀྱིས་ལོ་གསར་སྲུང་བརྩི་ཞུ་སྲོལ་གཉིས་ལ་ཁྱད་པར་ཇི་ཡོད་སོགས་ཀྱི་སྐོར།
2025-03-14
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་བལ་ཡུལ་ནས་རྐུན་ལ་ཤོར་བའི་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
2025-03-13
ཨ་རིའི་California ས་གནས་ནང་ཆོ་འཕྲུལ་སྨོན་ལམ་དང་གོ་དོན་གྱི་མཛད་སྒོ་གྲ་སྒྲིག་གནང་སྟངས།
2025-03-13
གང་ཐུབ་ཀྱིས་བོད་སྐད་ནང་གཞས་བཏོང་གི་ཡོད་པ་དང་གཞས་ཚིག་བརྒྱུད་ནས་འཛམ་གླིང་ས་གནས་གང་སར་གནས་པའི་བོད་རིགས་ཚོས་རང་གི་སྐད་ཡིག་རྒྱུན་འཛིན་བྱེད་དགོས་པའི་སྐུལ་མ་གནང་བ།
2025-03-11
བརྒྱུད་ལམ་ཐོག་འཁྲབ་སྟོན་དང་ཁང་ཚོང་གི་ལས་དོན་ལ་གཉེར་བཞིན་པ་ཨ་རིའི་མི་ནི་སོ་ཊ་ཁུལ་དུ་གནས་བཞུགས་ངག་དབང་ཐོགས་མེད་ལགས་ཀྱི་མི་ཚེའི་འགྲུལ་བཞུད།
2025-03-08
དབུ་མའི་ལྟ་སྒོམ་དང་ཚན་རིག་གི་རྣམ་བཤད་ཞུ་བའི་ཕྱག་དེབ་འདི་རིམ་པ་བཞིན་ངོ་སྤྲོད།
2025-03-07
སྨན་པ་རྡོ་རྗེ་དབང་འདུས་ལགས་ཀྱིས་རྩ་དཀར་དང་གྲུམ་ནད་གསོ་བྱེད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བཅོས་ཐབས་སྐོར་ཁོང་ལ་བཀའ་འདྲི་ཞུས་པའི་ལས་རིམ་ལ་གསན་རོགས་ཞུ།
2025-03-07
འཇིགས་མེད་བརྩོན་འགྲུས་དང་ལྷན་དུ་བྱིས་པའི་རྒྱུན་ཤེས་བང་མཛོད་བཀླགས་པའི་འཆར་སྣང་སྐོར་གླེང་བ།