དབུ་མའི་ལྟ་སྒོམ་དང་ཚན་རིག་གི་རྣམ་བཤད་སྐོར་སྤྱི་ཡོངས་ཀྱི་ངོ་སྤྲོད།
2025.03.08
ད་རིང་གི་གཏམ་གླེང་ལེ་ཚན་འདིའི་ནང་དབུ་མའི་ལྟ་སྒོམ་དང་ཚན་རིག་གི་རྣམ་བཤད་ཞུ་བའི་ཕྱག་དེབ་འདི་རིམ་པ་བཞིན་ངོ་སྤྲོད་ཞུ་རྒྱུ་ཡིན། ཕྱག་དེབ་འདིའི་ནང་དོན་གཙོ་བོ་ནི་རང་སྟོང་དང་གཞན་སྟོང་གི་ཐུག་མཚམས་དང་། ཏུན་ཧོང་གི་ཡིག་རྙིང་ལས་རྙེད་པའི་ཧ་ཤང་གི་ལྟ་སྒོམ། རིགས་རྫས་སྲེ་སྦྱོར་ལས་ངོ་འདྲ་རིགས་བསྐྲུན། ཐོར་གས་ཆེན་མོས་སྟོང་ཆེ་འཇིག་རྟེན་བསྐྱེད་པའི་ཚུལ། ཚུད་རྡུལ་རིག་པའི་འཇིག་རྟེན་དུ་རྡུལ་ཕྲ་རབ་ཀྱི་གནས་བབས་སོགས་ཡིན་ཞིང་། ལེ་ཚན་ནང་རྩོམ་པ་པོ་བེ་རི་བསོད་ནམས་དབང་ཕྱུག་ལགས་དང་ལྷན་དུ་བཀའ་མོལ་ཞུས་པའི་ཐོག་ནས་ངོ་སྤྲོད་རྒྱུ་ཡིན།
གསར་འགོད་པ། སྒྲོལ་དཀར།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།