བོད་ནང་རྒྱུག་ཆུ་འགག་པའི་ཆུ་ཚད་མར་བབས་པས་རྒྱ་གར་ལ་ཉེན་ཁ་མེད་པར་གྱུར་འདུག


2018.10.22
ཡར་ཀླུངས་གཙང་པོ་བརྒྱུད་ཀྱི་རི་ཉིལ་བཞིན་པ། ༢༠༡༨།༡༠།༡༧ ཡར་ཀླུངས་གཙང་པོ་བརྒྱུད་ཀྱི་རི་ཉིལ་བཞིན་པ། ༢༠༡༨།༡༠།༡༧
བོད་འབྱོར།

བོད་ནང་ཡར་ཀླུངས་གཙང་པོའི་རྒྱུད་རི་ཉིལ་བའི་དོན་རྐྱེན་དེ་ལས་ད་ལྟ་རྒྱ་གར་ཨ་རུ་ན་ཅལ་ལ་ཉེན་ཁ་མེད་ལུགས་རྒྱ་ནག་གི་ཕྱོགས་ནས་འགྲེལ་བརྗོད་བྱས་འདུག
དེ་ཡང་རྒྱ་གར་གྱི་(IANS)ཞེས་པའི་གསར་ལས་ཁང་གིས་ཕྱི་ཚེས་༢༢ཉིན་པེ་ཅིན་ནས་སྤེལ་བའི་གནས་ཚུལ་ལྟར་ན། གཟའ་འཁོར་སྔོན་མར་བོད་ནང་ཡར་ཀླུངས་གཙང་པོའི་རྒྱུད་ལ་རི་ཉིལ་ནས་གཙང་པོ་བཀག་ཏེ་མཚོ་ལྟར་བསྐྱིལ་ཡོད་པའི་དབང་གིས་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆུ་ལོག་གི་ཉེན་ཁར་འཕྲད་ཡོད་ཀྱང་། ད་ལྟ་ཆུའི་གཏིང་ཚད་མར་བབས་ནས་རྒྱུན་ལྡན་དུ་གྱུར་ཡོད་ཅེས་གཟའ་ཟླ་བར་རྒྱ་ནག་གཞུང་ཕྱོགས་ནས་འགྲེལ་བརྗོད་བྱས་འདུག
རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཧྭ་ཁྲོན་ཡུན་གྱིས། བོད་ནང་རི་ཉིལ་ནས་ཡར་ཀླུངས་གཙང་པོ་འགག་ཏེ་མཚོ་ལྟར་བསྐྱིལ་ཡོད་པར་རྒྱ་ནག་དང་། རྒྱ་གར་གཉིས་ཀས་གཟབ་ནན་ཐོག་ལྟ་རྟོག་བྱས་པ་ཡིན་ལུགས་དང་། ཡང་མུ་མཐུད་བརྗོད་དོན། ཟླ་འདིའི་ཕྱི་ཚེས་༢༠ཉིན་གཙང་བོ་བཀག་ཡོད་པ་དེ་མར་བབས་ནས་རྒྱུན་ལྡན་དུ་གྱུར་ཡོད་པ་དང་། ང་ཚོས་མུ་མཐུད་ནས་ས་ཉིལ་བའི་གནད་དོན་ཐད་གཟབ་ནན་སྒོས་ལྟ་རྟོག་དང་སྟངས་འཛིན་བྱེད་ཕྱོགས་ཐོག་རྒྱ་གར་འབྲེལ་བ་བྱེད་རྒྱུ་ཡིན་ཞེས་སོཊ་བཤད་འདུག
རྒྱ་ནག་དང་རྒྱ་གར་གཉིས་བར་ཆུའི་གནས་ཚུལ་མཉམ་སྤྱོད་ཀྱི་ཆིངས་དོན་ད་ལོ་བསྐྱར་དུ་རྒྱུན་བསྲིང་བྱས་ཡོད་པ་དང་། དེས་པེ་ཅིན་ཕྱོགས་ནས་ཆུ་ལོག་གི་དུས་སྐབས་སུ་གཙང་ཆུའི་རྣམ་གྲངས་རིགས་རྒྱ་གར་ལ་མཁོ་སྤྲོད་བྱ་རྒྱུར་མོས་མཐུན་བྱས་ཡོད་འདུག

གསར་འགོད་པ་རྡོ་རྗེ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎