འབྲི་ཆུའི་ནང་ཤོར་བའི་གྲུ་དཔོན་གཉིས་ཉེན་རྟོག་པས་བཀག་ཉར།
2015.06.03
རྒྱ་ནག་གི་འབྲི་ཆུའི་ནང་གྲུ་ལོག་ཤོར་བའི་འགྲུལ་མི་༤༠༠ཙམ་གར་སོང་མེད་པར་གྱུར་བ་དང་མི་༦༥ཙམ་རྐྱེན་འདས་ཕྱིན་ཟིན་འདུག
དེའང་རྒྱ་ནག་གི་སྤྲོ་འཆམ་འགྲོ་སའི་གྲུ་གཟིངས་མིང་ལ་ཤར་ཕྱོགས་སྐར་མ་ཞེས་ཐོགས་པའི་གྲུ་གཟིངས་དེ། རྒྱ་ནག་ཧུའུ་བིའི་ཅན་ལིའི་མཚམས་ཀྱི་འབྲི་ཆུའི་ནང་རླུང་འཚུབ་ཀྱི་རྐྱེན་པས་གྲུ་གཟིངས་ཆུ་ནང་གློ་བུར་ཨ་ལོག་ཐེབས་ནས་དེ་རིང་ཚེས་༤ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༦་ཚེས་༤ཉིན་ཆུ་ནང་ནས་མི་འཚོལ་ཞིབ་བྱེད་མཁན་གྱིས་འདས་གྲོངས་སོང་བའི་མིའི་ཕུང་པོ་༣༩་བཙལ་བརྙེད་བྱུང་བས་གྲུ་གཟིངས་དེའི་ནང་ཁྱོན་འགྲུལ་པ་མི་༤༥༦་ཡོད་པ་ནས་ད་ལྟའི་མཚམས་བར་ཁྱོན་མི་༦༥་ཙམ་འདས་གྲོངས་སུ་གྱུར་ཟིན་པ་དང་། མི་གསོན་པོིར་སྐྱབས་ཐུབ་པ་༡༤་བྱུང་ཡོད་པ་རེད་འདུག
BBC་སོགས་བརྒྱུད་ལམ་གྱིས་གནས་ཚུལ་བཀོད་པར་གཞིགས་ན། ད་རེས་གྲུ་ལོག་ཤོར་བའི་དོན་རྐྱེན་དེའི་ཐད་རྐྱེན་འདས་སོང་བའི་ནང་མི་གཉེན་ཉེ་ཚོས་དོགས་དྲི་མང་པོ་ཞིག་འདོན་བཞིན་པ། དཔེར་ན། གྲུ་གཟིངས་ཆེན་པོ་དེ་འདྲ་ཞིག་དུས་ཚོད་ཐུང་ཐུང་ལ་ཆུ་ནང་དིམ་དགོས་པ་གང་ཡིན་པ་དང་། ཉེན་བརྡའི་བརྡ་ཚིག་མ་བཏང་བ་གང་ཡིན་ནམ་ཟེར་བ་སོགས་བཤད་ཀྱི་ཡོད་པ་དང་འབྲེལ་གྲུ་གཟིངས་ནང་འགྲུལ་པ་ཚོའི་མིང་སོགས་ཁ་གསལ་ཤོད་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད།
ད་རེས་འབྲི་ཆུའི་ནང་གྲུ་ལོག་ཤོར་བའི་ནང་། གསོན་པོར་གནས་པའི་འགྲུལ་པས་བཤད་པ་ལྟར་ན། རླུང་འཚུབ་དྲག་པོ་ཞིག་བརྒྱབ་པ་ལས་གྲུ་གཟིངས་ཆུ་ནང་ཨ་ལོག་ཐེབས་སོང་ཞེས་བཤད་ཀྱི་ཡོད་ཅིང་། དེ་མིན་གྲུ་ལོག་ཤོིར་བའི་རྒྱུ་རྐྱེན་ཇི་ཡིན་ད་དུང་གསལ་པོ་མེད་པ་དང་། གྲུ་གཟིངས་དེའི་གྲུ་དཔོན་དང་གྲུ་གཟིངས་ཀྱི་བཟོ་རྩལ་དབུ་ཆེན་གཉིས་སྲོག་ཐར་ནས་ཕྱིར་འདོན་ཐུབ་ཀྱང་ད་ལྟ་མི་དེ་གཉིས་པོ་ཉེན་རྟོག་པས་དོ་དམ་བཀག་ཉར་བྱས་ཡོད་པ་རེད།གསར་འགོད་པ་འཇམ་དཔལ་ཕུན་ཚོགས།
དེ་ཡང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་Hubeiཞིང་ཆེན་གྱི་Jianliས་ཁུལ་དུ་ Eastern Starཞེས་པའི་སྤྲོ་འཆམ་གྱི་གྲུ་གཟིངས་ཤིག་གློ་བུར་དུ་འབྲི་ཆུ་གཙང་པོའི་ནང་གྲུ་ལོག་ཤོར་ཡོད་པ་དང་། སྤྲོ་སྐྱིད་ཀྱི་གྲུ་དེའི་ནང་། སྐབས་དེར་ལས་བྱེད་དང་འགྲུལ་པ་ཐེ་བས་ཁྱོན་མི་གྲངས་༤༥༨ཡོད་འདུག་པ་དང་། ཆུ་འོག་མྱུར་སྐྱོབ་རུ་ཁག་གིས་མྱུར་སྐྱོབ་ལས་དོན་སྤེལ་བ་ནས་བཟུང་ད་བར་མི་གྲངས་༡༤གསོན་པོར་རྙེད་སོན་བྱུང་བ་དང་། མི་གྲངས་༡༨གྱི་ཕུང་པོ་རྙེད་སོན་བྱུང་འདུག ད་ཆ་གྲུ་ལོག་ཤོར་ནས་དུས་ཡུན་ཚོུད་༤༠འགྲོ་ཡི་ཡོད་སྟབས་མི་གསོན་པོ་རྙེད་སོན་གྱི་རེ་བ་དེ་ཙམ་མེད་པའི་གནས་སུ་གྱུར་ཡོད་པ་མ་ཟད། སྤྲོ་སྐྱིད་གྲུ་གཟིངས་ནང་གི་འགྲུལ་པའི་ངོ་རྟགས་དང་ལོ་རྒྱུས། ད་ལྟ་ཤི་གསོན་གྱི་གནས་ཚུལ་སོགས་ཀྱི་སྐོར་གཞུང་ཕྱོགས་ནས་གནས་ཚུལ་ཁ་གསལ་གང་ཡང་མེད་པའི་གནས་སྟངས་དེར་མང་ཚོགས་ཁྲོད་ནས་བློ་ཕམ་ཆེན་པོའི་སྐྱོན་བརྗོད་ཐོན་བཞིན་ཡོད་འདུག སྤྲོ་སྐྱིད་གྲུ་གཟིངས་ནང་གི་འགྲུལ་པ་མང་ཆེ་བ་རྒྱ་ནག་གི་Nanjingགྲོང་ཁྱེར་ནས་ཡིན་འདུག་པ་དང་། རེས་གཟའ་མིག་དམར་ཉིན། འགྲུལ་པ་ཚོའི་ནང་མི་ཉེ་འབྲེལ་བརྒྱ་སྐོར་ལྷག་ཙམ་གྱིས་Nanjingགྲོང་ཁྱེར་ལས་ཁུངས་སུ་ཚོུད་གཅིག་ལྷག་ཙམ་རིང་། གྲུ་གཟིངས་ཀྱི་འགྲུལ་པ་འཚོལ་ཞིབ་ཀྱི་གནས་བབས་སྐོར་གནས་ཚུལ་ཤེས་རྟོགས་ཀྱི་དྲིས་རྩད་ཞུ་གཏུགས་བྱས་ཀྱང་ཡ་ལན་སོགས་གང་ཡང་བྱུང་མེད་པ་རེད། མ་ཟད་རྒྱ་ནག་གིས་ས་གནས་དེ་གར་གསར་འགོད་པ་བསྐྱོད་རྒྱུར་བཀག་བསྡོམས་བྱེད་བཞིན་ཡོད་འདུག
གཞུང་ཕྱོགས་ནས་གནས་ཚུལ་སྦས་གསང་བྱས་པ་འམ་ཁ་གསལ་ཤོད་ཀྱི་མེད་པར་བརྟེན་སྤྲོ་སྐྱིད་གྲུ་གཟིངས་ཀྱི་འགྲུལ་པའི་ནང་མི་ཉེ་འབྲེལ་མང་པོས་རང་ངོས་ནས་གནས་ཚུལ་བྱུང་ཡུལ་ཏུ་བསྐྱོད་དེ་ཤེས་རྟོགས་བྱེད་ཐབས་བྱས་པ་གསལ་འདུག་ལ། དཔེར་ན། རེས་གཟའ་ལྷག་པའི་ཉིན་གྲུ་གཟིངས་ནང་གི་འགྲུལ་པའི་ཉེ་འབྲེལ་ཁག་གཅིག་གིས་Nanjingགྲོང་ཁྱེར་ནས་འགྲུལ་སྐྱེལ་སྣུམ་འཁོར་གླས་ཏེ་གྲུ་ལོག་ཤོར་སའི་Jianliགྲོང་ཁྱེར་དུ་འགྲུལ་བསྐྱོད་བྱེད་བཞིན་པ་གསལ་འདུག གང་ལྟར་ཡང་ད་རེས་འབྲི་ཆུ་གཙང་པོའི་ནང་གྲུ་ལོག་ཤོར་བའི་དོན་རྐྱེན་དེ་བཞིན་འདས་པའི་ལོ་ངོ་༧༠ཙམ་ནང་། རྒྱ་ནག་ནང་གྲུ་ལོག་གི་གོད་ཆགས་ཚབས་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
དེའང་རྒྱ་ནག་གི་སྤྲོ་འཆམ་འགྲོ་སའི་གྲུ་གཟིངས་མིང་ལ་ཤར་ཕྱོགས་སྐར་མ་ཞེས་ཐོགས་པའི་གྲུ་གཟིངས་དེ། རྒྱ་ནག་ཧུའུ་བིའི་ཅན་ལིའི་མཚམས་ཀྱི་འབྲི་ཆུའི་ནང་རླུང་འཚུབ་ཀྱི་རྐྱེན་པས་གྲུ་གཟིངས་ཆུ་ནང་གློ་བུར་ཨ་ལོག་ཐེབས་ནས་དེ་རིང་ཚེས་༤ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༦་ཚེས་༤ཉིན་ཆུ་ནང་ནས་མི་འཚོལ་ཞིབ་བྱེད་མཁན་གྱིས་འདས་གྲོངས་སོང་བའི་མིའི་ཕུང་པོ་༣༩་བཙལ་བརྙེད་བྱུང་བས་གྲུ་གཟིངས་དེའི་ནང་ཁྱོན་འགྲུལ་པ་མི་༤༥༦་ཡོད་པ་ནས་ད་ལྟའི་མཚམས་བར་ཁྱོན་མི་༦༥་ཙམ་འདས་གྲོངས་སུ་གྱུར་ཟིན་པ་དང་། མི་གསོན་པོིར་སྐྱབས་ཐུབ་པ་༡༤་བྱུང་ཡོད་པ་རེད་འདུག
BBC་སོགས་བརྒྱུད་ལམ་གྱིས་གནས་ཚུལ་བཀོད་པར་གཞིགས་ན། ད་རེས་གྲུ་ལོག་ཤོར་བའི་དོན་རྐྱེན་དེའི་ཐད་རྐྱེན་འདས་སོང་བའི་ནང་མི་གཉེན་ཉེ་ཚོས་དོགས་དྲི་མང་པོ་ཞིག་འདོན་བཞིན་པ། དཔེར་ན། གྲུ་གཟིངས་ཆེན་པོ་དེ་འདྲ་ཞིག་དུས་ཚོད་ཐུང་ཐུང་ལ་ཆུ་ནང་དིམ་དགོས་པ་གང་ཡིན་པ་དང་། ཉེན་བརྡའི་བརྡ་ཚིག་མ་བཏང་བ་གང་ཡིན་ནམ་ཟེར་བ་སོགས་བཤད་ཀྱི་ཡོད་པ་དང་འབྲེལ་གྲུ་གཟིངས་ནང་འགྲུལ་པ་ཚོའི་མིང་སོགས་ཁ་གསལ་ཤོད་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད།
ད་རེས་འབྲི་ཆུའི་ནང་གྲུ་ལོག་ཤོར་བའི་ནང་། གསོན་པོར་གནས་པའི་འགྲུལ་པས་བཤད་པ་ལྟར་ན། རླུང་འཚུབ་དྲག་པོ་ཞིག་བརྒྱབ་པ་ལས་གྲུ་གཟིངས་ཆུ་ནང་ཨ་ལོག་ཐེབས་སོང་ཞེས་བཤད་ཀྱི་ཡོད་ཅིང་། དེ་མིན་གྲུ་ལོག་ཤོིར་བའི་རྒྱུ་རྐྱེན་ཇི་ཡིན་ད་དུང་གསལ་པོ་མེད་པ་དང་། གྲུ་གཟིངས་དེའི་གྲུ་དཔོན་དང་གྲུ་གཟིངས་ཀྱི་བཟོ་རྩལ་དབུ་ཆེན་གཉིས་སྲོག་ཐར་ནས་ཕྱིར་འདོན་ཐུབ་ཀྱང་ད་ལྟ་མི་དེ་གཉིས་པོ་ཉེན་རྟོག་པས་དོ་དམ་བཀག་ཉར་བྱས་ཡོད་པ་རེད།གསར་འགོད་པ་འཇམ་དཔལ་ཕུན་ཚོགས།
2015-06-03
རྒྱ་ནག་གི་འབྲི་ཆུ་གཙང་པོའི་ནང་གྲུ་ལོག་ཤོར་བའི་ནང་གི་འགྲུལ་པ་གསོན་པོ་བརྙེད་སོན་གྱི་རེ་བ་ཅུང་ཟད་ལས་མེད་པ་རེད།དེ་ཡང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་Hubeiཞིང་ཆེན་གྱི་Jianliས་ཁུལ་དུ་ Eastern Starཞེས་པའི་སྤྲོ་འཆམ་གྱི་གྲུ་གཟིངས་ཤིག་གློ་བུར་དུ་འབྲི་ཆུ་གཙང་པོའི་ནང་གྲུ་ལོག་ཤོར་ཡོད་པ་དང་། སྤྲོ་སྐྱིད་ཀྱི་གྲུ་དེའི་ནང་། སྐབས་དེར་ལས་བྱེད་དང་འགྲུལ་པ་ཐེ་བས་ཁྱོན་མི་གྲངས་༤༥༨ཡོད་འདུག་པ་དང་། ཆུ་འོག་མྱུར་སྐྱོབ་རུ་ཁག་གིས་མྱུར་སྐྱོབ་ལས་དོན་སྤེལ་བ་ནས་བཟུང་ད་བར་མི་གྲངས་༡༤གསོན་པོར་རྙེད་སོན་བྱུང་བ་དང་། མི་གྲངས་༡༨གྱི་ཕུང་པོ་རྙེད་སོན་བྱུང་འདུག ད་ཆ་གྲུ་ལོག་ཤོར་ནས་དུས་ཡུན་ཚོུད་༤༠འགྲོ་ཡི་ཡོད་སྟབས་མི་གསོན་པོ་རྙེད་སོན་གྱི་རེ་བ་དེ་ཙམ་མེད་པའི་གནས་སུ་གྱུར་ཡོད་པ་མ་ཟད། སྤྲོ་སྐྱིད་གྲུ་གཟིངས་ནང་གི་འགྲུལ་པའི་ངོ་རྟགས་དང་ལོ་རྒྱུས། ད་ལྟ་ཤི་གསོན་གྱི་གནས་ཚུལ་སོགས་ཀྱི་སྐོར་གཞུང་ཕྱོགས་ནས་གནས་ཚུལ་ཁ་གསལ་གང་ཡང་མེད་པའི་གནས་སྟངས་དེར་མང་ཚོགས་ཁྲོད་ནས་བློ་ཕམ་ཆེན་པོའི་སྐྱོན་བརྗོད་ཐོན་བཞིན་ཡོད་འདུག སྤྲོ་སྐྱིད་གྲུ་གཟིངས་ནང་གི་འགྲུལ་པ་མང་ཆེ་བ་རྒྱ་ནག་གི་Nanjingགྲོང་ཁྱེར་ནས་ཡིན་འདུག་པ་དང་། རེས་གཟའ་མིག་དམར་ཉིན། འགྲུལ་པ་ཚོའི་ནང་མི་ཉེ་འབྲེལ་བརྒྱ་སྐོར་ལྷག་ཙམ་གྱིས་Nanjingགྲོང་ཁྱེར་ལས་ཁུངས་སུ་ཚོུད་གཅིག་ལྷག་ཙམ་རིང་། གྲུ་གཟིངས་ཀྱི་འགྲུལ་པ་འཚོལ་ཞིབ་ཀྱི་གནས་བབས་སྐོར་གནས་ཚུལ་ཤེས་རྟོགས་ཀྱི་དྲིས་རྩད་ཞུ་གཏུགས་བྱས་ཀྱང་ཡ་ལན་སོགས་གང་ཡང་བྱུང་མེད་པ་རེད། མ་ཟད་རྒྱ་ནག་གིས་ས་གནས་དེ་གར་གསར་འགོད་པ་བསྐྱོད་རྒྱུར་བཀག་བསྡོམས་བྱེད་བཞིན་ཡོད་འདུག