འབྲི་ཆུའི་འོག་ཏུ་འགྲིམས་འགྲུལ་གྱི་ས་འོག་འགྲོ་ལམ་སྒོ་མོ་ཕྱེ།
2008.12.28
༄༅༎རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་འབྲི་ཆུའི་འོག་ཏུ་འགྲིམས་འགྲུལ་གྱི་ས་འོག་འགྲོ་ལམ་ཐེངས་དང་པོ་སྒོ་མོ་འབྱེད་དེ་འགྲོ་ལམ་དེ་བརྒྱུད་རྒྱ་ནག་གི་ཧུའུ་པེ་ཞིང་ཆེན་གྱི་རྒྱལ་ས་ལྦུང་ཧན་ནང་གི་དབུས་གྲོང་ཁྱེར་ནང་གི་འགྲིམས་འགྲུལ་གྱི་དུས་ཚོད་ཐུང་རུ་འགྲོ་རྒྱུ་དང་འགྲིམས་འགྲུལ་གྱི་ཚང་ཀ་ཆུང་དུ་འགྲོ་རྒྱུ་ཡིན་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་འབྲི་ཆུའི་འོག་ཏུ་འགྲིམས་འགྲུལ་འགྲོ་ལམ་འཛུགས་སྐྲུན་གྱི་ལས་གཞི་དེ་ནི་ཕྱི་ལོ་༢༠༠༤འགོ་བཙུགས་ཏེ་འགྲོ་གྲོན་རྒྱ་མའི་སྒོར་མོ་ས་ཡ་གཉིས་ཙམ་གྱི་ལས་གཞི་ཡིན་པ་དང་རྒྱ་ནག་གི་གཙང་ཆུ་རིང་ཤོས་འབྲི་ཆུའི་འོག་ནས་མཡེལ་གཉིས་ཙམ་གྱི་རིང་དུ་བཏང་ཡོད་ཅིང་དེ་ནི་རྒྱལ་ས་ལྦུང་ཧན་གྱི་ལྦུའུ་ཁྲེན་གྲོང་ཁྱེར་ནང་འགྲོ་ལམ་བཞི་མཉམ་དུ་མཐུད་དེ་ལྦུའུ་ཁྲེན་གྲོང་ཁྱེར་དང་ཧན་ཁོའུ་བར་དུ་འགྲིམས་འགྲུལ་གྱི་འགྲོ་ལམ་ཡིན་པར་བརྟེན་ས་ཁུལ་དེ་གཉིས་ནང་དུས་རྒྱུན་འགྲིམས་འགྲུལ་བྱེད་པའི་སྐབས་ཚོུད་ཕྱེད་ཀ་གོར་གཞི་ཡོད་ཀྱང་སྐར་མ་འགའ་ཤས་ནང་འབྱོར་ཐུབ་པའི་དུས་ཚོད་ཁྱད་པར་སྐྲུན་ཐུབ་རྒྱུ་དང་ལྷག་པར་དུ་ལྦུའུ་ཁྲེན་གྲོང་ཁྱེར་གྱི་མི་འབོར་ས་ཡ་བརྒྱད་ཡོད་པའི་མི་དམངས་ལ་དུས་རྒྱུན་འགྲིམས་འགྲུལ་གྱི་ཚང་ཀ་ཆེ་བའི་དཀའ་ངལ་རྣམས་སེལ་ཐུབ་རྒྱུ་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།
ཧན་ཁོའུ་ཧུ་གྲོང་ཁྱེར་དེ་ནི་བྱང་ཕྱོགས་ཀྱི་འབྲི་ཆུའི་ངོས་སུ་ཆགས་པ་དང་ལྦུའུ་ཁྲེན་ནི་འབྲི་ཆུའི་ལྷོ་ངོས་སུ་ཆགས་ཏེ་འབྲི་ཆུ་ནི་གྲོང་ཁྱེར་ཧན་ཁོའུ་ཧུ་གཙོས་པའི་མི་འབོར་མང་བའི་ས་ཁུལ་ཁག་ནང་ཁ་བསྒྱུར་བཏང་བ་དང་གཙང་ཆུ་དེ་ནི་རྒྱ་མི་རིགས་ས་ཡ་མང་པོའི་འཚོ་བའི་རྟེན་གཞི་ཡིན་པ་རེད།