འབྲི་ཆུའི་ཐོག་ཉ་གསོག་འཇོག་ཆུང་དུ་གཏང་འཆར་ལ་སྐྱོན་བརྗོད།

རྒྱ་ནག་གི་འབྲི་ཆུའི་ཆུ་སྟོད་རྒྱུད་དུ་རང་འབྱུང་གི་ཉ་གསོག་འཇོག་བྱེད་སའི་ས་ཆའི་རྒྱ་ཁྱོན་ཆུང་དུ་གཏོང་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད།

2011.01.22

༄༅༎རྒྱ་ནག་ཁོར་ཡུག་སྲུང་སྐྱོབས་ལས་ཁང་གིས་རྒྱ་ནག་གི་འབྲི་ཆུའི་ཆུ་སྟོད་རྒྱུད་དུ་རང་འབྱུང་གི་ཉ་སོག་འཇོག་བྱེད་སའི་ས་ཆའི་རྒྱ་ཁྱོན་ ཆུང་དུ་གཏོང་རྒྱུའི་ཐག་གཅོད་ལ་རྒྱ་ནག་ནང་ཡོད་པའི་ཁོར་ཡུག་སྲུང་སྐྱོབས་པ་ཚོས་བསྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།   ཁོར་ཡུག་སྲུང་སྐྱོབ་པ་ཚོས་རྒྱ་ནག་གཞུང་གིས་འབྲི་ཆུའི་ཆུ་སྟོད་ཀྱི་རང་འབྱུང་ཉ་གསོག་འཇོག་བྱེད་སའི་ས་ཁྱོན་ཆུང་དུ་གཏོང་རྒྱུ་དེས་  དེའི་བརྒྱུད་དུ་ཨར་ལས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་རྒྱུ་སོགས་ཀྱིས་ སྲུང་སྐྱོབས་བྱེད་སའི་འབྲི་ཆུའི་ནང་གི་ཤིན་དུ་དཀོན་པའི་རང་འབྱུང་ཉའི་རྣམ་གྲངས་ལ་གནོད་སྐྱོན་བཟོ་རྒྱུ་ཡིན་ལུགས་གསུང་གི་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་ཉ་གསོག་འཇོག་བྱེད་སའི་ས་ཐིག་ལ་འགྱུར་ལྡོག་གཏོང་གི་ཡོད་ཚེ་ དེའི་ཐོག་ནས་མ་འོངས་ས་ཆ་དེའི་བརྒྱུད་དུ་ཆུ་མཛོད་རྒྱབ་རྒྱུར་མོས་མཐུན་བྱས་པ་དང་ཁྱད་པར་མེད་པ་རེད་ཅེས་ཨ་རིའི་ནང་རྟེན་གཞི་བྱས་པའི་རང་བྱུང་ཐོན་ཁུངས་ལ་བདག་གཅེས་བྱེད་མཁན་གྱི་ཚོགས་པའི་འབྲི་ཆུའི་ནང་གི་ཤིན་དུ་དཀོན་པའི་རང་བྱུང་ཉ་བདག་གཅེས་ལས་འཆར་གྱི་འགན་འཛིན་གོའོ་ཇའོ་ཡུའུ་ནས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎