གཡང་མོ་མཚོ་ལགས་ཀྱིས་ཨེ་ཤེ་ཡའི་རི་སྒང་རྐང་འཁོར་འགྲན་བསྡུར་ཁྲོད་ཨང་གསུམ་པ་བླངས་འདུག

2024.05.13
གཡང་མོ་མཚོ་ལགས་ཀྱིས་ཨེ་ཤེ་ཡའི་རི་སྒང་རྐང་འཁོར་འགྲན་བསྡུར་ཁྲོད་ཨང་གསུམ་པ་བླངས་འདུག གཡང་མོ་མཚོ་ལགས་ཀྱིས་ཨེ་ཤེ་ཡའི་རི་སྒང་རྐང་འཁོར་འགྲན་བསྡུར་ཁྲོད་ཨང་གསུམ་པ་བླངས་སྐབས། ༠༥།༡༡།༢༠༢༤
CML/Chinese State Media

དེ་ཡང་རྒྱལ་སྤྱིའི་རྐང་འཁོར་མཐུན་ཚོགས་ཀྱིས་འགྲན་བསྡུར་གྲུབ་འབྲས་དྲྭ་ལམ་དུ་སྤེལ་བ་ལྟར་ན། སྤྱི་ཟླ་༥ཚེས་༨ཉིན་ནས་ཚེས་༡༢ཉིན་བར། སྤྱི་ལོ་༢༠༢༤་ལོའི་ཨེ་ཤེ་ཡའི་རི་ཁུལ་རྐང་འཁོར་ལེགས་སྐྱེས་འགྲན་བསྡུར་དང་ཨེ་ཤེ་ཡའི་རི་སྒང་རྐང་འཁོར་གྱི་གཞོན་ནུའི་ལེགས་སྐྱེས་འགྲན་བསྡུར་གྱི་(U23)་ཚོགས་ཆུང་དང་གཞོན་ནུའི་ཚོགས་ཆུང་གི་ཨོ་ལིམ་པིཀསི་(Olympics)་བྱེས་བགྲོད་འགྲན་བསྡུར་དེ་མ་ལེ་ཞི་ཡར་འཚོགས་ཡོད་པ་དང་། ཚེས་༡༡ཉིན་བུད་མེད་དར་མའི་རི་ཁུལ་རྐང་འཁོར་འགྲན་བསྡུར་ཁྲོད། མཚོ་སྔོན་ཞིང་ཆེན་མདོ་སྨད་མདོ་ལ་རྫོང་ནས་ཡིན་པའི་རི་ཁུལ་རྐང་འཁོར་ལུས་རྩལ་པ་གཡང་མོ་མཚོ་ལགས་ཀྱིས་ཨང་གསུམ་པ་བླངས་འདུག
གསར་ལམ་ཁག་ཅིག་གི་གནས་ཚུལལྟར་ན། ལོ་སྔོན་མར་གཡང་མོ་མཚོ་ལགས་ཀྱིས་ཨེ་ཤེ་ཡའི་བུད་མེད་དར་མའི་འགྲན་སྡུར་ཁྲོད་དངུལ་གྱི་རྟགས་མ་དང་། བུད་མེད་དར་མའི་བྱེས་བགྲོད་འགྲན་སྡུར་ནང་ཨང་བཞི་པ་བླངས་མྱོང་ཡོད་འདུག་ལ། ད་ལོར་བསྐྱར་དུ་བུད་མེད་ཀྱི་རྐང་འཁོར་འགྲན་སྡུར་ནང་རྒྱལ་ཁ་ཐོབ་པ་ཆགས་ཀྱི་ཡོད་འདུག
བོད་ཀྱི་རྐང་འཁོར་ལུས་རྩལ་པ་གཡང་མོ་འཚོ་ལགས་ནི་ཕྱི་ལོ་༢༠༠༣ལོར་བོད་མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་དུ་སྐྱེས་བ་དང་། སྤྱི་ལོ་༢༠༡༩ལོར་རྒྱ་ནག་རྒྱལ་ཡོངས་རི་སྒང་རྐང་འཁོར་མཉམ་འབྲེལ་འགྲན་སྡུར་ཁྲོད་ཁོང་མོའི་རུ་ཁག་ལ་ཨང་རིམ་བདུན་པ་ཐོབ་ཡོད་པ་དང་། ཕྱི་ལོ་༢༠༢༣ལོའི་རྒྱ་ནག་རི་སྒང་རྐང་འཁོར་མཉམ་འབྲེལ་འགྲན་སྡུར་ས་ཚིགས་དང་པོ་ལས། ཁོང་མོར་བུད་མེད་དར་མའི་རུ་ཁག་གཉིས་པའི་ནང་དུ་ཞུགས་ཆོག་པའི་གོ་སྐབས་ཐོབ་འདུག དེ་བཞིན་མཚོ་སྔོན་ཕྱོགས་ཀྱི་བོད་མི་ལུས་རྩལ་བ་ཀླུ་མགོན་རྒྱལ་ལགས་ཀྱིས་ཐེངས་འདིའི་རི་སྒང་རྐང་འཁོར་འགྲན་སྡུར་ཁྲོད་ཨང་དྲུག་པ་བླངས་ཡོད་འདུག
གཞན་ཡང་བོད་ཀྱི་བུད་མེད་འདུར་རྒྱུག་ལུས་རྩལ་བ་ཆོས་དབྱིབས་སྐྱིད་ལགས་ཀྱིས་ན་ནིང་སྤྱི་ཟླ་༡༠བའི་ནང་། རྒྱ་ནག་ཧོང་ཀྲུག་གྲོང་ཁྱེར་ནང་ཚོགས་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་བསྡུར་གྱི་སྤྱི་ལེ་༣༥ཡི་ཕོ་མོ་མཉམ་བསྲེས་ཀྱི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་གསེར་གྱི་གཟེངས་རྟགས་བླངས་ཡོད་པ་དང་། སྐབས་དེར་ཁོ་མོས་༢༠༡༢ལོར་ལོན་ཊོན་ཨོ་ལིམ་པིཀསི་(Olympics)་བུད་མེད་འདུར་རྒྱུག་འགྲན་བསྡུར་ནང་གསེར་གྱི་གཟེངས་རྟགས་དེ་ཡང་ཁོ་མོ་ལ་གསབ་སྤྲོད་གནང་ནས་གསེར་གྱི་རྟགས་མ་གཉིས་དུས་གཅིག་ལ་ཐོབ་ཡོད་པ་རེད།


གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎