བོད་དོན་རྒྱབ་སྐྱོར་བ་མང་པོས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ།


2016.03.30
ཅེགCzechསྤྱི་མཐུན་རྒྱལ་ཁབ་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཕེབས་པར་ངོ་རྒོལ་བྱས་སྐབས། ༢༠༡༦།༣།༢༨ photo:Zewlakk

ཅེགCzechསྤྱི་མཐུན་རྒྱལ་ཁབ་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཕེབས་པར་ངོ་རྒོལ་བྱས་སྐབས། ༢༠༡༦།༣།༢༨ photo:Zewlakk Zewlakk

Image ཅེགCzechསྤྱི་མཐུན་རྒྱལ་ཁབ་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཕེབས་པར་ངོ་རྒོལ་བྱས་སྐབས། ༢༠༡༦།༣།༢༨ photo:Zewlakk

Image ཅེགCzechསྤྱི་མཐུན་རྒྱལ་ཁབ་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཕེབས་པར་ངོ་རྒོལ་བྱས་སྐབས། ༢༠༡༦།༣།༢༨ photo:Zewlakk

Image ཅེགCzechསྤྱི་མཐུན་རྒྱལ་ཁབ་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཕེབས་པར་ངོ་རྒོལ་བྱས་སྐབས། ༢༠༡༦།༣།༢༨ photo:Zewlakk

Image ཅེགCzechསྤྱི་མཐུན་རྒྱལ་ཁབ་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཕེབས་པར་ངོ་རྒོལ་བྱས་སྐབས། ༢༠༡༦།༣།༢༨ photo:Zewlakk

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་འཚམས་གཟིགས་གནང་བའི་སྐབས་སུ་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་བསྟུད་མར་སྤེལ་ཡོད་འདུག
དེ་ཡང་སྲིད་འཛིན་ཞི་ཅིན་ཕེན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་གཞུང་དོན་འཚམས་གཟིགས་སུ་ཕེབས་པའི་སྐབས། ཁ་ས་ཚེས་༢༨་གཟའ་ཟླ་བའི་ཉིན་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོའི་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད། གནམ་ཐང་ནས་ཕེབས་ཡུལ་གཞུང་ལམ་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་Vaclav Havelམཆོག་དང་། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་རྣམ་གཉིས་མཇལ་འཕྲད་གནང་བའི་སྐུ་པར་ཆེན་པོ་ཞིག་དངོས་གསལ་དོད་པོར་བསྒྲིགས་བཤོམ་བྱས་ཡོད་པ་མ་ཟད། བོད་ཀྱི་རྒྱལ་དར་དང་ཕྲེད་དར་སོགས་འཕྱར་ནས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་སྐབས་སུ་ཉེན་རྟོག་མི་སྣས་བཀག་འགོག་དང་ཁག་ཅིག་འཛིན་བཟུང་དོ་དམ་ཡང་བྱས་ཡོད་འདུག ད་དུང་གཟའ་མིག་དམར་ཉིན་སླར་ཡང་རྒྱལ་ཁབ་ཀྱི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་ཡུལ་དུ་ངོ་རྒོལ་གནང་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་གཉིས་དབར་དེ་སྔ་འབྲེལ་བ་ཡག་པོ་མེད་ཀྱང་ད་ལྟའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་Milos Zemanམཆོག་གིས། རྒྱ་ནག་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུ་དམིགས་ནས་རྒྱ་ནག་གི་སྲིད་འཛིན་ཡུལ་དེའི་ནང་མགྲོན་འབོད་ཞུས་པ་ཞིག་ཡིན་པ་མ་ཟད། ཐུན་མོང་གི་ཐོག་ནས་དེ་རིང་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་འདུག
ཡང་རྒྱ་ནག་གི་CCTVལ་གསུངས་པ་ཞིག་ལུང་འདྲེན་བྱས་པ་ལྟར་ན། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ནས། དེ་སྔའི་ང་ཚོའི་གཞུང་འཛིན་མཁན་ཚོས་ཨ་མི་རི་ཀ་དང་ཡུ་རོབ་སྤྱི་མཐུན་གཉིས་ཀྱི་གནོན་ཤུགས་འོག་རྒྱ་ནག་མཉམ་དུ་འབྲེལ་བ་རྩ་བ་ནས་ཡག་པོ་བཞག་ཐུབ་ཡོད་མ་རེད། འོན་ཀྱང་ད་ཆ་ང་ཚོ་སླར་ཡང་རང་བཙན་རྒྱལ་ཁབ་ཅིག་ཆགས་ཡོད་དུས་དེར་གཞིགས་པས་ང་རང་ཚོའི་རྒྱལ་ཁབ་ཀྱི་ཕྱིའི་སྲིད་བྱུས་དེ་སོ་སོའི་ཁེ་ཕན་དང་དགོས་མཁོར་བསྟུན་ནས་བཟོ་གི་རེད་ལ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་བྱེད་ཀྱི་མ་རེད་ཅེས་གཏམ་བཤད་སྤེལ་ཡོད་འདུག།
གང་ལྟར་ད་ལྟའི་སྲིད་འཛིན་ནས་དེ་སྔའི་ལམ་ལུགས་དང་མི་འདྲ་བར་རྒྱ་ནག་གུང་ཁྲན་སྲིད་གཞུང་ལ་བསྟུན་མཁས་ཆེན་པོ་བྱེད་ཀྱི་ཡོད་འདུག    

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎