འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་གནང་རྒྱུ།
2012.06.17
༄༅༎འཛམ་གླིང་གི་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ཞིག་བདུན་ཕྲག་རྗེས་མ་མེཀ་སི་ཀོ་(Mexico) ནང་འཚོགས་གཏན་འཁེལ་ཡོད་འདུག
མེཀ་སི་ཀོའི་སྲིད་འཛིན་ ཕི་ལི་པེ་ཁལ་ཌེ་རོན་(Felipe Calderon) ཡིས་གཙོ་སྐྱོང་གནང་རྒྱུའི་ཚོགས་ཆེན་གྱི་གྲོས་གཞི་གཙོ་བོ་འཛམ་གླིང་ནང་དཔལ་འབྱོར་འཕེལ་རྒྱས་སྐོར་བཀའ་བསྡུར་གནང་རྒྱུ་ཡིནཡང་ བར་ལམ་ཡོ་རོབ་ནང་དཔལ་འབྱོར་ཉམ་གུད་སྤྱི་དང་ལྷག་དོན་དུ་གརིས་ནང་འོས་བསྡུའི་གྲུབ་འབྲས་ཇི་འདྲི་ཞིག་ཡོང་མིན་སྐོར་དམིགས་བསལ་ཐུགས་གནང་མ་གནང་རང་གནང་ཆགས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག འདི་གོང་གིས་ཚོགས་ཆེན་དེ་བཞིན་ཡོ་རོབ་མཉམ་སྦྲེལ་དང་ རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་གཉིས་ཟུང་འབྲེལ་གྱིས་གཙོ་སྐྱོང་གནང་ཡོད་འདུག། ཚོགས་ཆེན་ཐོག་ཡང་ཡང་མཉམ་ཞུགས་གནང་མཁན་གཉིས་ར་ཤི་ཡ་དང་ནེ་དྷར་ལེནྜ་གཉིས་ཡིན་པ་རེད། ཚོགས་ཆེན་གཙོ་སྐྱོང་གི་ཐུགས་འགན་ཚོགས་ཞུགས་རྒྱལ་ཁབ་ཚང་མས་རེ་མོས་ཀྱི་གནང་སྲོད་ཡོད་པ་ལྟར་ཚོགས་ཆེན་རྗེས་མ་དེ་ར་ཤི་ཡས་གཙོ་སྐྱོང་གནང་རྒྱུར་ཡིན་འདུག། ཚོགས་ཞུགས་རྒྱལ་ཁབ་ཉི་ཤུ་པ་དེ་དག་ནི། ཨར་ཇེན་ཊི་ཎ། ཨོ་སེ་ཊོ་ལི་ཡ། བརཱ་ཛིལ་། ཨིན་ཡུལ། ཁེ་ཎ་ཌ། རྒྱ་ནག། ཕ་རེནས། ཇར་མེ་ནི། རྒྱ་གར། ཨིན་ཌོ་ནེ་ཤི་ཡ། ཨི་ཊ་ལི། ཉི་ཧོང༌། མེཀྶི་ཀོ། ར་ཤི་ཡ། སོའི་དྷི་ ཨ་ར་བྭི་ཡ། ལྷོ་ཨཕ་རི་ཀ། ལྷོ་ཀོ་རི་ཡ། ཊརྐི་དང་ཨ་མེ་རི་ཀ་བཅས་ཡིན་པ་རེད།