རྒྱ་ནག་པེ་ཅིང་ནང་གི་རི་མོའི་འགྲེམ་སྟོན་བཀག་བསྡོམས་གནང་བ།


2015.11.26
༢༠༡༢ལོར་པེ་ཅིན་སྨན་ཁང་ཞིག་གི་སྒོ་འགྲམ་ནས་ཉེན་རྟོག་པས་ཕྱི་རྒྱལ་གསར་འགོད་པར་བཀག་བསྡོམས་བྱེད་བཞིན་པའི་རྣམ་པ། ༢༠༡༢ལོར་པེ་ཅིན་སྨན་ཁང་ཞིག་གི་སྒོ་འགྲམ་ནས་ཉེན་རྟོག་པས་ཕྱི་རྒྱལ་གསར་འགོད་པར་བཀག་བསྡོམས་བྱེད་བཞིན་པའི་རྣམ་པ།
པར། AFP

བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བའི་རི་མོའི་འགྲེམས་སྟོན་ཞིག་གློ་བུར་དུ་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཡོད་པ་རེད།
རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བའི་རི་མོའི་འགྲེམས་སྟོན་ཞིག་གློ་བུར་དུ་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་
དེ་ཡང་ཁ་ས་རེས་གཟའ་ལྷག་པ་དེ་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་བུད་མེད་ཀྱི་དམིགས་བསལ་གྱི་ཉིན་མོ་ཞིག་སྲུང་བརྩི་ཞུ་གི་ཡོད་པ་དང་སྟབས་བསྟུན། རི་མོ་མཁས་པ་སྐྱེས་པ་དང་། བུད་མེད་བསྡོམས་མི་གྲངས་༦༠་ཙམ་གྱིས། རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བའི་རི་མོའི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། ཡིན་ནའང་རི་མོའི་སྒྱུ་སྩལ་བ་ཚོ་འགྲེམས་སྟོན་བྱེད་ཡུལ་ས་གནས་སུ་འབྱོར་བའི་སྐབས་ཁོང་རྣམ་པས་དེར་རི་མོའི་འགྲེམས་སྟོན་ཁང་ནས་ལས་བྱེད་སུ་ཅིག་ཀྱང་མཐོང་རྒྱུ་མེད་སྟབས་གཞི་ནས་ཁོང་ཚོའི་རི་མོའི་འགྲེམས་སྟོན་བཀག་སྡོམ་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།
སྐབས་དེར་འབྲེལ་ཡོད་ལས་བྱེད་Cui Guangxiaཡིས། རི་མོའི་འགྲེམས་སྟོན་དེ་སྒོ་རྒྱབ་དགོས་པའི་རྒྱུ་མཚན་སྐོར་AFPགསར་འགོད་པར་གནས་ཚུལ་འགྲེལ་བརྗོད་བྱེད་དོན། ཐེངས་དེའི་རི་མོའི་འགྲེམས་སྟོན་དེ་འབྲེལ་ཡོད་ཚན་པ་ནས་བཀའ་འཁྲོལ་ཐོབ་མེད་སྐོར་གསལ་བཤད་བྱས་ཡོད་པ་རེད།
དེ་བཞིན་ཡང་Cuiདང་། དེ་མིན་རི་མོའི་སྒྱུ་སྩལ་བ་ཚོས་གསུངས་ན། བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་དང་། རྒྱལ་ནང་དུ་སེམས་ཚོར་བཟོ་བའི་རྣོ་ངར་ཅན་གྱི་འགྲེམས་སྟོན་ཞིག་གི་རྒྱུ་མཚན་ཞིག་གི་ཐོག་ནས་རྒྱ་ནག་གཞུང་གིས་ད་རེས་ཀྱི་རི་མོའི་འགྲེམས་སྟོན་གློ་བུར་དུ་སྒོ་རྒྱབ་པ་ཞིག་ཡིན་ལུགས་གསར་འགོད་པར་འགྲེལ་བརྗོད་གནང་འདུག

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎