རྒྱ་ནག་དང་ཚོང་འབྲེལ་མཉམ་ལས་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ།


2018.01.16
ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༡༤ ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༡༤
ཀླུ་འབུམ།/RFA

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིས་ཨ་རིའི་རྒྱལ་སྲུང་གི་གནད་དོན་གྱི་རྐྱེན་པས་ཨ་རིའི་ཁ་པར་གློག་འཕྲིན་ཚོང་ལས་ཁང་ཆེས་ཤོས་ཨང་གཉིས་པ་ཡིན་པ་(AT&T)་ཡིས་རྒྱ་ནག་གི་(Huawei)་ཟེར་བའི་ལག་འཁྱེར་ཁ་པར་ཚོང་ལས་ཁང་དང་ཚོང་འབྲེལ་མཉམ་ལས་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་བ་མ་ཟད། རྒྱ་ནག་གི་ལག་འཁྱེར་ཁ་པར་ཚོང་ལས་ཁང་དེ་ཡིས་ཨ་རིའི་ཁྲོམ་རའི་ནང་ཚོང་འབྲེལ་འཛུགས་རྒྱུའི་འཆར་གཞིར་ངོ་རྒོལ་བྱས་ཡོད་པ་རེད།
དེ་ཡང་ཨ་རིའི་སྲིད་འཛིན་སྐུ་ཞབས་(Donald Trump)་མཆོག་གིས་རྒྱ་ནག་གི་ཕྱོགས་ནས་བྱང་ཀོ་རི་ཡའི་ཐོག་ལ་འཛིན་པའི་ལངས་ཕྱོགས་དང་། རྒྱ་ནག་གིས་ཨ་རིའི་ཐབས་ཇུས་ཀྱི་ཚོང་ལས་གཞི་ཡུལ་ཁག་བདག་བཟུང་བྱེད་པའི་བྱ་སྤྱོད་གཙོས་པའི་གནད་དོན་རིམ་པའི་ཐོག་ཨ་རིས་སྔར་བས་སྲིད་ཇུས་མཁྲེགས་པོ་བཟུང་བཞིན་པའི་སྐབས་འདིར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིས་ཨ་རིའི་རྒྱལ་སྲུང་ཐོག་བློ་འཚབ་ཀྱི་ཉེན་བརྡ་བཏང་གནང་བ་ཞིག་ཡིན་པ་རེད།
ད་དུང་ཨ་རིའི་གཞུང་གིས་རྒྱལ་ནང་གི་བདེ་འཇགས་ཀྱི་གནད་དོན་གྱི་རྐྱེན་པས་ཨ་རིའི་ནང་རྒྱ་ནག་ནས་གློག་འཕྲིན་གྱི་ཡོ་ཆས་ཉོ་ཚོང་རིགས་བཀག་འགོག་བྱས་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་གློག་འཕྲིན་ཚོང་ལས་ཁང་(AT&T)་གཙོས་པའི་ཨ་རིའི་ཚོང་ལས་ཁང་ཚོར། གལ་ཏེ་རྒྱ་ནག་གི་གློག་འཕྲིན་ཚོང་ལས་ཁང་ཟེར་བའམ་རྒྱ་ནག་གི་ལག་འཁྱེར་ཁ་པར་ཚོང་ལས་ཁང་(Huawei)་ཟེར་བ་དེ་དང་ཚོང་འབྲེལ་བཙུགས་ཚེ་ཨ་རིའི་ཚོང་ལས་ཁང་དེ་ཚོ་དང་ཨ་རིའི་གཞུང་ཕན་ཚུན་ཚོང་འབྲེལ་ནང་ཁེ་ཕན་འགོག་རྐྱེན་ཆགས་རྒྱུ་ཡིན་ལུགས་ཀྱི་ལམ་སྟོན་བྱེད་ཀྱི་ཡོད་པའི་སྐོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་གསུངས་ཡོད་པ་རེད། རྒྱ་ནག་གི་ཁ་པར་ཚོང་ལས་ཁང་དེ་ནི་འཛམ་གླིང་ནང་ནས་ལག་འཁྱེར་ཁ་པར་བེད་སྤྱོད་བྱེད་མཁན་མང་ཤོས་ཡིན་ཞིང་། འོན་ཀྱང་རོའུ་ཀྲར་གསར་འགོད་པས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིས་ཨ་རིའི་(AT&T)་ཁ་པར་གློག་འཕྲིན་ཚོང་ལས་ཁང་གིས་ཁོང་ཚོ་དང་ཚོང་འབྲེལ་མཚམས་འཇོག་བྱ་དགོས་པའི་སྐོར་གསུངས་པ་དེར་འགྲེལ་བཤད་ཡོད་མེད་སྐོར་འབྲེལ་བ་བྱས་ཀྱང་གནས་ཚུལ་གང་ཡང་བཤད་མེད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎