རྒྱ་གཞུང་གིས་བོད་མི་ཚོར་ལོ་གསར་གཏོང་དགོས་པའི་སྐུལ་མ།

རྒྱ་ནག་གཞུང་གིས་ལོ་གསར་རིང་གཞས་སྣ་སོགས་དགའ་སྟོན་གྱི་བྱེད་སྒོ་སྤེལ་མཁན་ཚོར་འགྲོ་གྲོན་ཡོངས་རྫོགས་གཞུང་གིས་སྤྲོད་རྒྱུ་ཡིན་འདུག

2010.02.10

༄༅༎རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་ལོ་གསར་གཏོང་དགོས་པའི་སྐུལ་མ་བྱེད་བཞིན་ཡོད་འདུག ཁམས་ལི་ཐང་ཁུལ་གྱི་ས་གནས་བོད་མི་ཚོས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མི་ལྟོས་པར་ སྔ་ལོའི་ཞི་རྒོལ་ནང་ཚེ་སྲོག་ཤོར་བ་རྣམས་ལ་དྲན་གསོ་དང་བོད་མི་མང་པོ་ད་དུང་ཡང་བཙོན་འཇུག་དང་རྒྱ་ནག་གི་འཇིགས་སྐུལ་འོག་གནས་མུས་ཡིན་པའི་ཁར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་གྱིས་རྐྱེན་པས་ས་གནས་བོད་མི་ཚོས་ད་ལོ་སླར་ཡང་བོད་ཀྱི་ལོ་གསར་དགའ་སྟོན་བྱ་རྒྱུ་མིན་པར་རྒྱ་ནག་གཞུང་གིས་ས་གནས་བོད་མི་ཚོར་ལོ་གསར་གྱི་དགོས་མཁོ་དང་མ་དངུལ་སྤྲོད་པ་སོགས་ཀྱིས་བོད་མི་ཚོར་ལོ་གསར་གཏོང་དགོས་པའི་སྐུལ་མ་བྱེད་བཞིན་པ་མ་ཟད་ལོ་གསར་རིང་གཞས་སྣ་སོགས་དགའ་སྟོན་གྱི་བྱེད་སྒོ་སྤེལ་མཁན་ཚོར་འགྲོ་གྲོན་ཡོངས་རྫོགས་གཞུང་གིས་སྤྲོད་རྒྱུ་ཡིན་པའི་སྐོར་བརྗོད་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོས་ལོ་གསར་གཏོང་རྒྱུའི་ཆེད་འགྲོ་གྲོན་གཏོང་རྒྱུ་མ་ཟད་མ་དངུལ་ཡང་ཕོན་ཆེ་སྤྲད་ནས་རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་དང་བོད་ནང་འཛིན་པའི་མི་རིགས་སྲིད་བྱུས་ནི་ཡང་དག་པ་ཞིག་ཡིན་ལུགས་མཚོན་ཐབས་བྱེད་བཞིན་ཡོད་ཅིང་  རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་བཀྲོལ་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་ནང་མི་བཞུགས་མཁན་ཚོར་ཁང་པ་གསར་རྒྱག་སོགས་ཀྱི་ཆེད་རྒྱ་སྒོར་སྟོང་ཕྲག་ཁ་ཤས་ཀྱི་མ་དངུལ་ཡང་སྤྲོད་ཀྱི་ཡོད་པ་རེད་   སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ཚེས་༥ཉིན་ཁམས་ནག་ཆུ་ཁ་ས་གནས་བོད་མི་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་བཀྲོལ་ཡོང་རྒྱུར་རྒྱ་ནག་གཞུང་ལ་ས་གནས་མི་མང་སྟོང་ཕྲག་ཁ་ཤས་ཀྱིས་ཁྲག་གི་ས་རྟགས་འཁོད་པའི་འབོད་སྐུལ་ཞུ་ཡིག་ཕུལ་ཡོད་པ་མ་ཟད་ས་གནས་དེའི་ནང་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་རྒྱ་ནག་གཞུང་གིས་བོད་མི་ཚོར་ཤུགས་ཆེའི་དྲག་གནོན་བྱས་ཏེ་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་ད་དུང་མང་པོ་ཞིག་བཙོན་མཇུག་བྱེད་མུས་ཡིན་པར་ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཆེད་ན་ནིང་ས་ཁུལ་དེའི་ནང་ས་ཞིང་འདེབས་ལས་མི་བྱེད་རྒྱུའི་ལས་འགུལ་ཞིག་ཡང་སྤེལ་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎