མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧེ་ཀྲི་ནང་ཟ་འབྲུའི་རོགས་སྐྱོར།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧེ་ཀྲི་ནང་ས་ཡོམ་གྱི་གནོད་འཚེར་གཞི་རྒྱ་ཆེ་བའི་རོགས་སྐྱོར་གྱི་ལས་དོན་འགོ་བཙུགས་རྒྱུ་ཡིན་པ་རེད།

2010.01.31

༄༅༎ཉེ་ཆར་ཧེ་ཀྲི་ཡུལ་གྲུའི་ནང་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་བྱུང་སྟེ་གཟའ་འཁོར་གསུམ་ཙམ་ཕྱིན་པའི་རྗེས་སུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་ཡོམ་གྱི་གནོད་འཚེར་གཞི་རྒྱ་ཆེ་བའི་རོགས་སྐྱོར་གྱི་ལས་དོན་འགོ་བཙུགས་རྒྱུ་ཡིན་པ་རེད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ལས་དོན་དེ་ནི། ཧེ་ཀྲི་ཡུལ་གྱི་གནོད་འཚེ་འཕོག་ཡུལ་གྱི་མི་དམངས་ཚོར་ཟ་འབྲུའི་རོགས་རམ་ཐོབ་བདེ་བའི་ཆེད་དུ་ཧེ་ཀྲིའི་རྒྱལ་སའི་ཕྱོགས་ཡོངས་སུ་རོགས་སྐྱོར་སྤྲོད་ཡུལ་ཁག་༡༦གསར་འཛུགས་བྱས་ཡོད་པ་དང། རེས་གཟའ་སྤེན་པའི་ཉིན་ཟ་འབྲུའི་ལག་འཁྱེར་མཁོ་སྤྲོད་བྱེད་རྒྱུ་འགོ་བཙུགས་ཟིན་ཏེ། སྔོན་ལ་བུད་མེད་ཚོར་ཟ་འབྲུ་མཁོ་སྤྲོད་གནང་རྒྱུའི་འཆར་གཞི་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཟ་འབྲུའི་ལས་དོན་ཁང་གིས་གསུངས་ན། གོད་ཆགས་ཕོག་པའི་མི་དམངས་ཚོར་ཟ་འབྲུའི་རོགས་རམ་མཁོ་སྤྲོད་བྱ་ཐུབ་པའི་ཆེད་དུ་རོགས་རམ་སྤྲོད་ཡུལ་ས་གནས་གཏན་འཁེལ་བྱས་པ་དེ་ནས། རེས་གཟའ་ཉི་མ་ནས་དངོས་སུ་རོགས་རམ་མཁོ་སྤྲོད་ཀྱི་ལས་དོན་འགོ་བཙུགས་རྒྱུ་ཡིན་པ་གསུངས་ཡོད་པ་རེད། ཧེ་ཀྲི་ནང་ས་ཡོམ་གྱི་གནོད་འཚེ་ཕོག་པ་ཚོར་སྨན་བཅོས་ཀྱི་རོགས་རམ་བྱེད་མཁན་སྨན་པ་ཚོས། ཨ་མི་རི་ཀས་ས་ཡོམ་གནོད་འཚེ་དེའི་ནང་ཚབས་ཆེའི་རྨས་སྐྱོན་ཕོག་པ་རྣམས་ཨ་མི་རི་ཀའི་ནང་འོར་འདྲེན་བྱེད་མཁན་གྱི་གནམ་གྲུ་མཚམས་འཇོག་བྱས་པའི་གནས་ཚུལ་དེ་ནི་ཕྲུ་གུ་གཙོས་པའི་རྨས་སྐྱོན་ཕོག་པའི་མི་དམངས་ཀྱི་ཚེ་སྲོག་སྐྱོབ་མི་ཐུབ་པའི་ཉེན་ཁ་དང་བློ་འཚབ་བྱེད་ཡུལ་ཞིག་ཡིན་པའི་སྐྱོན་བརྗོད་ཀྱི་གནས་ཚུལ་ཐོན་བཞིན་ཡོད་པ་དང། ཡིན་ནའང་ཨ་མི་རི་ཀའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས། ནད་པ་འོར་འདྲེན་གྱི་གནམ་གྲུ་མཚམས་འཇོག་བྱ་རྒྱུ་ཐག་གཅོད་བྱེད་དགོས་པའི་སྲིད་ཇུས་གང་ཡང་མེད་པ་དང། བར་ལམ་ཨ་རིའི་ནང་ནད་པ་འོར་འདྲེན་བྱས་ཏེ་སྨན་བཅོས་ཀྱི་རིན་འབབ་སྐོར་རྩོད་གཞི་བྱུང་བའི་གནད་དོན་དེ་དག་ཡང་དེའི་བྱུང་རྐྱེན་མ་ཡིན་ཞིང། གཙོ་བོ་ནི། ད་རེས་ཀྱི་རོགས་སྐྱོར་གྱི་ལས་དོན་དེ་ནི་དེ་སྔ་ཨ་མི་རི་ཀར་བྱུང་མྱོང་མེད་པའི་རོགས་སྐྱོར་གྱི་ལས་དོན་ཧ་ཅང་གི་གཞི་རྒྱ་ཆེན་པོ་ཞིག་ཡིན་པ་དང་འབྲེལ་བ་ཡོད་པ་གསུངས་ཏེ། ང་ཚོས་གང་མགྱོགས་རྨས་མ་འོར་འདྲེན་གྱི་གནམ་གྲུ་བསྐྱར་གསོ་བྱ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎