ཡུ་གུར་མི་༡༦གིས་མཉམ་འབྲེལ་རྒྱལ་ཚོགས་སུ་སྐྱབས་བཅོལ།

ཡུ་གུར་མི་རིགས་བཅུ་དྲུག་ཀམ་སྦོ་ཌི་ཡའི་ནང་བྲོས་བྱོལ་དུ་སླེབས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་ལ་སྐྱབས་བཅོལ་ཞུས་པ།

2009.12.04

༄༅༎རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་ཉུང་ཐར་ཡང་མི་གྲངས་བཅུ་དྲུག་ཤིན་ཅང་ནས་ཀམ་སྦོ་ཌི་ཡའི་ནང་བྲོས་བྱོལ་དུ་སླེབས་ནས་ཡུལ་དེའི་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་ལ་སྐྱབས་བཅོལ་ཞུས་ཡོད་པའི་སྐོར་ཀམ་སྦོ་ཌི་ཡ་གཞུང་གི་མགྲིན་ཚབ་པས་གཟའ་པ་སངས་ཉིན་འགྲེལ་བརྗོད་གནང་བཞག 

ཀམ་སྦོ་ཌི་ཡའི་ནང་སྲིད་ལས་ཁང་གི་མགྲིན་ཚབ་པ་ཁིའུ་སོབ་ཧེཀ་ཡིས་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་དོན་ལྟར་ན་   ཐོག་མར་ང་ཚོས་ཤེས་རྟོགས་བྱུང་བར་སྐྱབས་བཅོལ་ཞུ་མཁན་ཡུ་གྲུར་མི་རིགས་མི་གྲངས་བཅུ་དྲུག་ཡོད་པ་དང་ཡིན་ནའི་ད་ཆ་མི་གྲངས་ག་ཚོད་ཁ་སྣོན་བྱུང་ཡོད་མིན་དང་གང་འདྲ་བྱས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གི་བཏང་འཛིན་འོག་གནས་ཐུབ་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་གསལ་པོ་མེད་ཅིང་ ད་ལྟའི་ཆར་ང་ཚོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གིས་དེའི་སྐོར་གྱི་གནས་ཚུལ་གང་ཡང་འགྲེལ་བརྗོད་གནང་མ་བྱུང་ཞེས་གསུང་བཞག ཨ་རིའི་སྙན་གྲགས་ཆེ་བའི་ཚགས་ཤོག་ལྦ་ཤིང་ཀྲོན་ཕོ་ཉ་ཞེས་པའི་ཐོག་གཟའ་ཕུར་བུའི་ཉིན་གནས་ཚུལ་འཁོད་པར་གཞིགས་ན་ཤིན་ཅང་ནས་ཀམ་སྦོ་ཌི་ཡ་རུ་བྲོས་བྱོལ་དུ་ཡོང་ནས་ཡུལ་དེའི་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་ལ་སྐྱབས་བཅོལ་ཞུ་མཁན་མི་གྲངས་༢༢ཡོད་པ་འཁོད་ཡོད་པ་དང་ཡིན་ནའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གིས་དེའི་སྐོར་ལ་ད་ལྟའི་ཆར་འགྲེལ་བརྗོད་གང་ཡང་གནང་མིན་འདུག ད་ལོ་ཕྱི་ཟླ་བདུན་པའི་ནང་ཤིན་ཅང་ས་ཁུལ་ནང་ཡུ་གུར་མི་རིགས་ཚོས་རྒྱ་ནག་གཞུང་གི་དབང་འཛིན་ལ་ངོ་རྒོལ་གྱི་རྔམ་སྟོན་བྱས་ནས་ཡུ་གུར་མི་རིགས་དང་ཤིན་ཅང་ནང་ཡོད་པའི་རྒྱ་མི་རིགས་དབར་འཁྲུག་ཟིང་བྱུང་ཏེ་རྒྱ་ནག་གཞུང་ཕྱོགས་ཀྱིས་གྲངས་འབོར་ཕྱིར་བསྒྲགས་བྱས་པར་གཞིགས་ན་ཉུང་ཐར་མི་གྲངས་༡༩༧རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་༡༦༠༠ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་ལུགས་བཤད་ཡོད་པ་དང་ཤིན་ཅང་ནང་འཁྲུག་ཟིང་གི་དོན་རྐྱེན་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་འཕོན་ཆེ་འཛིན་བཟུང་བྱས་ཡོད་པ་མ་ཟད་ད་རེས་ཕྱི་ཟླ་བཅུ་གཅིག་པའི་ནང་ཤིན་ཅང་གི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་གྲངས་༡༠སྲོག་ཐོག་བཏང་ཡོད་པ་དང་དོན་རྐྱེན་བྱུང་བ་ནས་ད་བར་མི་གྲངས་༢༡ལ་སྲོག་ཐོག་གི་ཉེས་ཆད་བཅད་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎