ཨ་རིས་རྒྱ་ནག་ནས་ནང་འདྲེན་བྱེད་པའི་ལྕགས་དོང་ཐོག་ཁྲལ་སྤར།

ཨ་རིས་རྒྱ་ནག་ནས་སི་ཀྲིལ་གྱི་ལྕགས་དོང་ནང་འདྲེན་བྱེད་བཞིན་པའི་ཐོག་ཁྲལ་སྤར་ཆ་བྱེ་རྒྱུའི་འཆར་གཞི་ཡོད་འདུག

2009.12.31

༄༅༎ཨ་རིས་རྒྱ་ནག་ནས་སི་ཀྲིལ་གྱི་ལྕགས་དོང་ནང་འདྲེན་བྱེད་བཞིན་པའི་ཐོག་ཁྲལ་སྤར་ཆ་བྱེ་རྒྱུའི་འཆར་གཞི་ཡོད་འདུག

དེ་ཡང་ཨ་རིའི་རྒྱལ་སྤྱིའི་ཚོང་དོན་ཚོགས་ཆུང་ནས་གསལ་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། རྒྱ་ནག་ནས་བཟོས་ནས་ཨ་རིའི་ནང་ནང་འདྲེན་བྱེད་བཞིན་པའི་སི་ཀྲིལ་གྱི་ལྕགས་དོང་དེ་དག་གིས་ཨ་རི་རྒྱལ་ནང་ནས་འདོན་སྤེལ་བཞིན་པའི་སྤུས་ཚད་ལས་སྐྱོ་བ་དང་དེར་གཞིགས་པས་རིན་གོང་ཆུང་བས་སོགས་ཀྱིས་རྒྱལ་ནང་གི་བཟོ་གྲྭ་དེ་དག་ལ་དཀའ་ངལ་འཕར་མ་ཞིག་འཕྲད་ཀྱི་ཡོད་པ་བཅས་ལ་བརྟེན་རྒྱ་ནག་ནས་ནང་འདྲེན་བྱེད་རྒྱུའི་སི་ཀྲིལ་གྱི་ལྕགས་དོང་དེ་དག་ཐོག་ཁྲལ་བརྒྱ་ཆ་བཅུ་དྲུག་ཙམ་སྤར་ཆ་བྱ་དགོས་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད། སི་ཀྲིལ་གྱི་ལྕགས་དོང་དེ་དག་བརྒྱུད་བཟོ་གྲྭ་ཁག་ལ་དོ་སྣུམ་མཁོ་སྤྲོད་བྱེད་རྒྱུའི་འཕྲུལ་ཆས་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད།

ཡིན་ནའང་རྒྱ་ནག་ཚོང་དོན་ལས་ཁུངས་ནས་ཐག་ཆོད་དེར་མོས་མཐུན་མེད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད་པ་ལས་དེའི་ཐོག་རྒྱ་ནག་རང་ཉིད་ནས་ཐབས་ཤེས་ག་འདྲ་ཞིག་བཏིང་རྒྱུའི་འཆར་གཞི་ཡོད་མེད་གསལ་ཁ་གང་ཡང་བཏོན་མེད་པ་རེད།

གོང་དུ་ཞུས་པའི་ཁྲལ་སྤར་ཆའི་ཐག་ཆོད་དེ་དག་རིམ་པས་ཨ་རིའི་ཚོང་དོན་ལས་ཁུངས་སུ་འབུལ་རྒྱུ་ཡིན་འདུག་ལ་དེའི་ཐོག་ནས་མཐའ་མའི་ཐག་ཆོད་ཡོང་རྒྱུ་ཡིན་པ་རེད།

དེའི་གོང་ཨ་རི་དང་རྒྱ་ནག་གཉིས་དབར་ཚོང་འབྲེལ་གྱི་ཕྲལ་སྤར་ཆ་བྱེད་ཕྱོགས་ཐོག་ཕན་ཚུན་སྐྱོན་བརྗོད་བྱེད་རེས་བྱུང་ཡོད་པ་མ་ཟད་རྒྱ་ནག་ངོས་ནས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལའང་སྙན་སེང་ཞུས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎