ཨ་རིས་ཉི་ཧོང་དུ་བྱུང་བའི་གོད་ཆགས་ནས་སློབ་གསོ་ལེན་རྒྱུ།

ཨ་རིའི་རྡུལ་ཕྲན་ནུས་ཤུགས་ཐོག་ཕྱག་ལས་གནང་མཁན་ཚོས་ཉི་ཧོང་གི་རྡུལ་ཕྲན་ནུས་ཤུགས་ཐོག་གོད་ཆགས་བྱུང་བ་དེ་ནས་སློབ་གསོ་ལེན་རྒྱུ།

2011.04.03

༄༅༎ཨ་མི་རི་ཀའི་རྡུལ་ཕྲན་ནུས་ཤུགས་ཐོག་ཕྱག་ལས་གནང་མཁན་ཚོས་ཉི་ཧོང་གི་རྡུལ་ཕྲན་ནུས་ཤུགས་ཐོག་གོད་ཆགས་བྱུང་བ་དེ་ནས་སློབ་གསོ་ལེན་རྒྱུའི་འབད་བརྩོན་གནང་གི་ཡོད་པ་རེད་ ཨ་མི་རི་ཀའི་རྡུལ་ཕྲན་ནུས་ཤུགས་འཕྲུལ་རིག་ཐོག་ཕྱག་ལས་གནང་མཁན་ཚོས་ཉི་ཧོང་གི་རྡུལ་ཕྲན་ནུས་ཤུགས་གོས་ཆག་བྱུང་སྐབས་ས་ཁུལ་ནང་ནུས་ཤུགས་མཁོ་འདོན་བྱེད་ཡུལ་གཞན་མེད་པའི་སྐྱོན་གནད་དང་རྡུལ་ཕྲན་ནུས་ཤུགས་ཀྱི་འཕྲུལ་ཆའི་ཐོག་དོ་སྣང་གནང་གི་ཡོད་པ་རེད།

ཁ་ཉིན་ཕྱི་ཟླ་༣པའི་ཚེས་༡༡ཉིན་ཉི་ཧོང་ནང་ས་ཡོམ་དང་མཚོ་རླབས་ཀྱིས་ཕུ་ཀུ་ཤི་མ་རྡའེ་ཨི་ཆི་རྡུལ་ཕྲན་ནུས་ཤུགས་འདོན་སྤེལ་ལས་ཁང་དེ་ས་ཡོམ་གྱིས་སྐྱོན་བཏང་མེད་ཀྱང་དེ་རྗེས་བྱུང་བའི་རྒྱ་མཚོའི་འབའ་རླབས་དེས་སྐྱོན་བཏང་ཡོད་པ་རེད། གོད་ཆགས་དེས་རྡུལ་ཕྲན་ནུས་ཤུགས་འདོན་སྤེལ་ཁང་དེའི་འཕྲུལ་རིག་གྲང་མོ་བཟོ་རྒྱུའི་ཆ་རྐྱེན་དེ་དག་མེད་པ་ཆགས་པ་དང་། ད་བར་ཉི་ཧོང་གི་དཔོན་རིགས་རྣམས་ཀྱིས་འཕྲུལ་རིག་དེ་དག་གྲང་མོ་བཟོ་རྒྱུའི་ཐོག་འབད་བརྩོན་གནང་ཡོད་པ་རེད། འཕྲུལ་རིག་དེ་དག་གྲང་མོ་བཟོ་མ་ཐུབ་པ་ཡིན་ན་རྡུལ་ཕྲན་གྱི་རྒྱུ་ཆ་བར་གནམ་ནང་འཐོར་བའི་ཉེན་ཁ་ཡོད་པ་རེད། ཨ་མི་རི་ཀའི་རྡུལ་ཕྲན་ནུས་ཤུགས་རྟོག་ཞིབ་ལྷན་ཁང་གི་འགོ་འཁྲིད་སྐུ་ཞབས་གེརེ་ག་རི་ཇེཛ་ཀོ་ཡིས་ཉེ་ཆར་གྱི་ཉི་ཧོང་ནང་གི་གོད་ཆགས་དེར་རྡུལ་ཕྲན་འཕྲུལ་རིག་ནང་གྲང་མོ་བཟོ་རྒྱུའི་ཡོ་ཆས་དྲུག་ཡོད་པ་ནས་གཉིས་འགས་ཐོར་བྱུང་སྐོར་གསུངས་འདུག ཁོང་གིས་ཕྱི་ཟླ་༣པའི་ཚེས་༣༠ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཉན་ཞིབ་ལྷན་ཚོགས་ཤིག་གི་ཐོག་ཉི་ཧོང་གི་གོད་ཆགས་དེར་རྡུལ་ཕྲན་གྱི་རྒྱུ་ཆ་ཁ་དབྱིངས་ནང་འཐོར་ཡོད་སྲིད་པའི་སྐོར་གསུངས་ཡོད་པ་རེད། ཡང་ཁོང་གིས་ཨ་མི་རི་ཀའི་རྡུལ་ཕྲན་ནུས་ཤུགས་མཁོ་འདོན་བྱེད་ཡུལ་ཁག་ནང་ཉི་ཧོང་ནང་བྱུང་བའི་གོད་ཆགས་དེ་འདྲ་བྱུང་བ་ཡིན་ན་རྡུལ་ཕྲན་གྱི་རྒྱུ་ཆ་གནམ་ཐོག་འཐོར་བའི་ཉེན་ཁ་དེ་ལོ་ངོ་བརྒྱ་ཕྲག་གཅིག་རིང་ཡོང་བཟོ་མེད་པའི་སྐོར་གླེང་ཡོད་པ་རེད།

ཡིན་ནའང་ཁོང་གིས་ཨ་མི་རི་ཀའི་ངོས་ནས་ཉི་ཧོང་གི་རྡུལ་ཕྲན་ནུས་ཤུགས་འདོན་སྤེལ་ཁག་དེ་དག་གི་གནས་སྟངས་ཐོག་ཉིན་གྲངས་༩༠ནང་ཚུད་རྟོག་ཞིབ་གནང་ནས་དེས་ཨ་མི་རི་ཀའི་རྡུལ་ཕྲན་ནུས་ཤུགས་འདོན་སྤེལ་བྱེད་ཡུལ་གྲངས་༡༠༤ཡོད་པ་དེ་དག་ཐོག་ཕན་ཐོགས་ཡོང་བའི་རེ་བ་ཡོད་སྐོར་གསུངས་འདུག ཡིན་ནའང་ཨ་མི་རི་ཀའི་ཚན་རིག་པ་ཁག་ཅིག་གིས་ཡུལ་གྱི་རྡུལ་ཕྲན་ནུས་ཤུགས་འདོན་སྤེལ་ཁག་ནང་གོད་ཆགས་དེ་འདྲ་བ་འགོག་ཐབས་ཀྱི་ལས་དོན་ཁག་ཚག་འཚུད་པོ་མེད་སྐོར་སྐྱོན་བརྗོད་ཤུགས་ཆེ་གནང་གི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎