ཉི་ཧོང་དུ་ཡོད་པའི་ཨ་རིའི་དམག་སྒར་མུ་མཐུད་འཇོག་དགོས།
2010.03.18
༄༅༎ཨ་མི་རི་ཀས་ཉི་ཧོང་ནང་ཡོད་པའི་ཨ་རིའི་དམག་སྒར་དེ་དག་ཉིང་ཧོང་གི་སྲུང་སྐྱོབ་ཆེད་མུ་མཐུད་ནས་བཞག་དགོས་ལུགས་གསུངས་ཡོད་པའི་གནས་ཚུལ་ཐོན་འདུག
ཨ་རིའི་བདེ་སྲུང་ཚན་པའི་གནད་ཡོད་ལས་བྱེད་མ་ཡེ་ཀལ་ཤི་ཕར་ནས་ཁ་ས་གྲོས་ཚོགས་ནང་།
ཉི་ཧོང་གི་ཨོ་ཀི་ན་ལྦའི་མཚོ་གླིང་ནང་ཡོད་པའི་ཨ་རིའི་དཔུང་དམག་གི་དམག་སྒར་དེ་དག་རང་འབྱུང་གནོད་འཚེ་དང་། ཡང་ན་རྙོག་ཟིང་གི་དུས་ཚོད་སོགས་ཛ་དྲག་གྱི་དུས་སྐབས་སུ་ཨ་རིའི་ངོས་ནས་ཉི་ཧོང་ལ་མཐུན་འགྱུར་རོགས་ལམ་སེང་སྤྲོད་རྒྱུར་དགོས་ངེས་ཤིག་ཆགས་ཀྱི་ཡོད་ཙང་ངེས་པར་དུ་རང་འཇགས་གནས་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་ཞུས་ཡོད་འདུག
ད་རེས་ཨ་རིའི་བདེ་སྲུང་ཚན་པའི་ངོས་ནས་གྲོས་ཚོགས་ནང་གནད་དོན་འདིའི་ཐོག་གསུངས་དགོས་པའི་རྒྱུ་མཚན་ནི། ཉེ་ཆར་ཉི་ཧོང་གི་གསར་དུ་བསྐོ་འདེམས་བྱུང་བའི་སྲིད་བློན་མཆོག་གི་གཞུང་འཛིན་ནས་ལོ་མང་རིང་ཡོད་པའི་ཨོ་ཀི་ན་ཝའི་ནང་གི་ཨ་རིའི་དཔུང་དམག་གི་དམག་སྒར་དེ་དག་ཕྱིར་བསྡུ་བྱེད་རྒྱུའི་འཆར་གཞི་བཏོན་ཡོད་པ་དེས་རྐྱེན་ཡིན་པ་རེད།
མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གི་ཉི་ཧོང་གི་འཆར་གཞི་དེར་མོས་མཐུན་བྱེད་ཀྱི་ཡོད་ཀྱང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། ཉི་ཧོང་གི་འཆར་གཞི་དེ་ནི་རྒྱ་ནག་ལ་བསྟུན་མཁས་བྱེད་རྒྱུའི་སྲིད་བྱུས་ཤིག་ཡིན་པ་དང་། ཉི་ཧོང་རང་ཉིད་ཀྱི་སྲུང་སྐྱོབ་དགོས་ཀྱི་ཡོད་ན་དེ་དག་ངེས་པར་དུ་རང་འཇགས་བཞག་དགོས་ཀྱི་རེད་ཅེས་དགོངས་ཚུལ་གསུངས་ཀྱི་ཡོད་འདུག