ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱལ་ཁབ།

རྒྱ་ནག་གཙོས་པའི་རྒྱལ་ཁབ་༡༣འཛམ་གླིང་ནང་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་གཙོ་བོ་ཡིན་པའི་སྐོར།

2010.04.29

༄༅༎རྒྱལ་སྤྱིའི་ཐོག་ཆོས་དད་རང་དབང་རྟོགས་ཞིབ་ཚོགས་ཆུང་ཞིག་གིས་སྙན་ཐོའི་ནང་རྒྱ་ནག་གཙོས་པའི་རྒྱལ་ཁབ་༡༣འཛམ་གླིང་ནང་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་གཙོ་བོ་ཡིན་པའི་སྐོར་མིང་གཞུང་གསལ་བསྒྲགས་བྱས་ཡོད་པ་རེད་༎

དེ་ཡང་རེས་གཟའ་ཕུར་བུའི་ཉིན་རྒྱལ་སྤྱིའི་ཆོས་དད་རང་དབང་ལ་རྟོགས་ཞིབ་གནང་མཁན་ཨ་རིའི་ཚོགས་ཆུང་ནས་༢༠༠༩ལོའི་རྒྱལ་སྤྱིའི་ཐོག་ཆོས་དད་རང་དབང་གི་གནས་བབ་སྐོར་ལོ་འཁོར་གྱི་སྙན་ཐོ་འདོན་སྤེལ་བྱས་ཡོད་པ་རེད་ ད་རེས་ཀྱི་སྙན་ཐོ་དེའི་ནང་ཆོས་དད་རང་དབང་ཐད་བློ་འཚབ་བྱེད་དགོས་པའི་རྒྱལ་ཁབ་༡༣གྱི་མིང་གཞུང་ནང་རྒྱ་ནག་དང་ འབར་མ་ ཨེ་རི་ཀྲི་ཡ་ ཨི་རན་ བྱང་ཀོ་རི་ཡ་ སོའོ་རྡི་ཨ་རེ་སྦི་ཡ་ སུའུ་ཌའན་ ཨུརྫ་སྦེ་ཀི་སི་ཏན་བཅས་རྒྱལ་ཁབ་བརྒྱད་པོ་དེ་༢༠༠༨ལོའི་སྙན་ཐོའི་ནང་ཕྱིར་འདོན་བྱས་པ་བཞིན་འདི་ལོ་སླར་ཡང་མིང་གཞུང་གསལ་འདོན་བྱས་འདུག་པ་དང་ དེའི་ཐོག་ཨབ་རི་ཀའི་ནའེ་ཇེ་རི་ཡ་དང་པ་ཀི་སི་ཏན་ ཀྲཀ་མེ་ནི་སི་ཏན་ ལྦི་ཏི་ནམ་བཅས་༢༠༠༩ལོའི་སྙན་ཐོའི་ནང་བསྣོན་འཇོག་བྱས་ཏེ་ ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་༡༣དེ་དག་བཀོད་ཡོད་པ་རེད་ཐེངས་འདིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལ་རྟོགས་ཞིབ་གནང་མཁན་ཨ་རིའི་ཚོགས་ཆུང་གིས་སྙན་ཐོ་ལྟར་ན་ རྒྱ་ནག་ནང་གཞུང་ཕྱོགས་ནས་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་མུ་མཐུད་གཏོང་བའི་སྲིད་ཇུས་བཟུང་བ་མ་ཟད་ འདས་པའི་ལོའི་ནང་ བོད་དང་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་ཁ་ཆེ་བའི་ས་ཁུལ་ནང་ཆོས་དད་རང་དབང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་པའི་སྐོར་གསལ་འདོན་བྱས་ཡོད་པ་རེད་ གོང་གསལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ལེ་ན་ཌི་ལི་ཨོ་ཡིས་གསུངས་ན་ ཆོས་དད་རང་དབང་ལ་དམ་བསྒྲགས་དང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་རྒྱལ་ཁབ་དེ་ཚོའི་ནང་ཆོས་ཕྱོགས་ཀྱི་དམ་བསྒྲགས་ཙམ་མ་ཟད་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡང་གནས་སྟངས་ཆེས་སྡུག་པོ་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག ད་རེས་ཀྱི་སྙན་ཐོ་དེའི་ནང་མིང་འདོན་བྱས་པའི་རྒྱལ་ཁབ་མང་པོ་ཞིག་ཐོག་ཨ་རི་ཐེ་བས་མཉམ་སྦྲེལ་རྒྱལ་ཚོགས་ཐོག་ནས་ དཔལ་འབྱོར་གྱི་ཉེས་ཆད་དང་ཡང་ན་གོ་མཚོན་ཚོང་འགྲེམས་བཀག་འགོག་གི་ཉེས་ཆད་བཀལ་ཡོད་ནའང་ དོན་དམ་གྱི་ལག་བསྟར་འཐུས་ཚང་མེད་པར་སོང་ ཨ་རི་གཞུང་ཕྱོགས་ནས་ཆོས་དད་རང་སྲུང་སྐྱོབ་ཀྱི་དོན་དུ་མཛད་འགན་ཆེ་ཙམ་བཞེས་དགོས་སྐོར་སྐུལ་ལྕག་གནང་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎