ཨ་རིའི་ཕྱི་སྲིད་དྲུང་གཞོན་རྒྱ་ནག་ཏུ་འཚམས་གཟིགས།

ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཉམས་གསོ་བྱ་རྒྱུའི་ཆེད་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་རྒྱ་ནག་ཏུ་འཚམས་གཟིགས།

2010.03.02

༄༅༎ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཉམས་གསོ་བྱ་རྒྱུའི་ཆེད་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་སྐུ་ཞབས་ཇེམ་སི་སི་ཀྲའེན་སྦག་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་ཡོད་པ་རེད།

ཨ་མི་རི་ཀས་ཐའེ་ལྦ་ལ་ཌོ་ལར་ཐེར་འབུམ་དྲུག་གི་མ་གནས་ཀྱི་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་གནང་པ་དང་ དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་པ་སོགས་ཀྱིས་རྐྱེན་པས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བའི་རང་བཞིན་ཐད་དོ་ཕོག་ཆེ་ཙམ་བྱུང་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཇེམ་སི་སི་ཀྲའེན་སྦག་རྒྱ་ནག་ཏུ་ཕེབས་སྐབས་རྒྱ་ནག་གཞུང་ལ་བྱང་ཀོ་རི་ཡ་རྒྱལ་ཁབ་དྲུག་གི་གྲོས་མོལ་ནང་གང་མགྱོགས་ཕྱིར་ལོག་འབྱུང་ཐབས་ཐད་བྱང་ཀོ་རི་ཡའི་ཐོག་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་གནང་རྒྱུ་ཡིན་འདུག་ལ་ དེ་བཞིན་ཨི་རན་གྱི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ནས་དཔལ་འབྱོར་གྱི་ཉེས་ཆད་སྣོན་མ་འགེལ་རྒྱུའི་གྲོས་ཆོད་གསར་པ་ཞིག་འཇོག་ཐབས་ཐད་ཨ་མི་རི་ཀའི་གཞུང་གིས་འབད་བརྩོན་གནང་བཞིན་པར་རྒྱ་ནག་གི་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཡང་ཞུ་རྒྱུ་ཡིན་པ་རེད།

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕི་ལིབ་ཁ་རའོ་ལིས་ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་མདུན་བསྐྱོད་བྱ་རྒྱུར་ཐའེ་ལྦན་དང་བོད་དེ་བཞིན་ཨིན་ཊར་དྲ་རྒྱའི་རང་དབང་དང་རྒྱ་ནག་གི་མི་དམངས་ཤོག་ལོར་གྱི་འཛའ་ཐང་སོགས་མི་མཐུན་པའི་གནད་དོན་ཁག་ཟུར་འཇོག་བྱེད་དགོས་ཀྱི་རེད་ཅེས་དང་ ད་དུང་ཁོང་གིས་བར་སྐབས་ང་ཚོ་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་དེ་ཀྱག་ཀྱོག་རང་བཞིན་ཅན་ཞིག་གི་ཐོག་གནས་ཡོད་ན་ཡང་ ད་ཆ་འབྲེལ་ལམ་མགྱོགས་མྱུར་བསྐྱར་གསོ་བྱ་རྒྱུར་ཕྱོགས་གཉིས་ཀའི་ངོས་ནས་དོན་གཉེར་བྱེད་བཞིན་ཡོད་པ་གསུངས་འདུག།

འོན་ཀྱང་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ ཆིང་སྒང་གིས་ རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ལ་དོ་ཕོག་ཕྱིན་པ་དེའི་ནག་ཉེས་ཡོངས་རྫོགས་ཨ་མི་རི་ཀར་ཡོད་པ་པེ་ཅིང་གི་རྒྱུན་ལྡན་གྱི་ལངས་ཕྱོགས་དེ་བསྐྱར་བཟློས་བྱས་ཡོད་པ་དང་ ཁོ་པས་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གི་ལངས་ཕྱོགས་ཁག་གལ་འགངས་ཆེན་པོར་ངོས་འཛིན་བྱེད་པའི་རེ་བ་ཡོད་ཅེས་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎