རྒྱལ་ཚོགས་ནས་བྱང་ཀོ་རི་ཡར་ཉེས་ཆད་ལག་ལེན་འཁྱོལ་ཐབས།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་བྱང་ཀོ་རི་ཡའི་ཐོག་ཉེས་ཆད་གཏོང་རྒྱུའི་ལས་དོན་ལག་ལེན་དུ་འཁྱོལ་ཐབས་ལ་རྒྱ་ནག་ནས་རྒྱབ་སྐྱོར།

2009.10.20

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་ཕྱི་འབྲེལ་སྐུ་ཞབས་མཐོ་རིམ་ཞིག་གིས་རྒྱ་ནག་ཕྱོགས་ནས་བྱང་ཀོ་རི་ཡས་རྒྱལ་ཁབ་དྲུག་གི་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་ཆེད་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་བྱང་ཀོ་རི་ཡའི་ཐོག་ཉེས་ཆད་གཏོང་རྒྱུའི་ལས་དོན་ལག་ལེན་དུ་འཁྱོལ་ཐབས་ལ་རྒྱབ་སྐྱོར་ཞུ་གི་ཡིན་ཞེས་བཤད་པའི་གནས་ཚུལ་གསུངས་ཡོད་པ་རེད།

བྱང་ཀོ་རི་ཡས་ཁ་སྔོན་ཕྱི་ཟླ་ལྔ་པའི་ནང་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱས་པར་བརྟེན་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉེས་ཆད་གཏོང་རྒྱུའི་ལས་དོན་ཞིག་ཡིན་ཞིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱང་ཀོ་རི་ཡའི་ཐོག་ལ་ཉེས་ཆད་གཏོང་རྒྱུའི་ལས་དོན་དེའི་ཐུགས་འགན་བཞེས་མཁན་ཨ་མི་རི་ཀའི་གཞུང་ཚབ་པ་སྐུ་ཞབས་ཕི་ལིབ་གོལ་ཌི་སྦག་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཡོད་པ་ལྟར་ཁོང་གིས་དེ་རིང་རྒྱལ་ས་པེ་ཅིང་དུ་གསར་འགོད་པར་གསུངས་དོན་ལ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཁོང་དང་རྒྱ་ནག་གི་ཕྱི་སྲིད་བློན་གཞོན་པ་ཧེ་ཡ་ཕེ་གཉིས་བར་ལ་གནད་དོན་དེའི་ཐོག་བཀའ་བསྡུར་བྱུང་ཚུལ་དང་ལྷག་པར་དུ་བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་བྱེད་པའི་ལས་དོན་མཚམས་འཇོག་ཡོང་ཐབས་ཐོག་ཕྱག་ལས་གནང་མཁན་ཨ་མི་རི་ཀ་དང་རྒྱ་ནག ལྷོ་བྱང་ཀོ་རི་ཡ་གཉིས། ཉི་ཧོང༌། ར་ཤི་ཡ་བཅས་རྒྱལ་ཁབ་དྲུག་གི་གྲོས་མོལ་དེའི་ནང་བར་ལམ་བྱང་ཀོ་རི་ཡ་མཉམ་ཞུགས་མ་བྱས་པར་ཕྱིར་འཐེན་བྱས་པ་དེ་ད་ཆ་བྱང་ཀོ་རི་ཡ་མཉམ་ཞུགས་ཡོང་ཐབས་ལ་དམིགས་ཏེ་རྒྱ་ནག་ཕྱོགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་ཐོག་ཉེས་ཆད་གཏོང་རྒྱུའི་ལས་དོན་དེ་དོན་འཁྱོལ་ཡོང་ཏབས་ཁས་ལེན་བྱས་ཡོད་པའི་སྐོར་གསུངས་ཡོད་པ་རེད། ཟླ་བ་འདིའི་འགོ་སྟོད་དུ་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་བྱང་ཀོ་རི་ཡར་འཚམས་འདྲིར་བསྐྱོད་པའི་སྐབས་བྱང་ཀོ་རི་ཡའི་ཕྱོགས་ནས་རྒྱལ་ཁབ་དྲུག་གི་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་འདུན་པ་ཡོད་ཚུལ་བཤད་ཡོད་ཀྱང་རྒྱལ་ཁབ་དྲུག་གི་གྲོས་མོལ་བསྐྱར་གསོ་མ་བྱས་གོང་ལ་ཨ་མི་རི་ཀ་དང་ཐད་ཀར་གྲོས་མོལ་བྱ་འདོད་ཡོད་པའི་སྐོར་བཤད་ཡོད་པ་བརྟེན་དེ་རིང་སྐུ་ཞབས་ཕི་ལིབ་གོལ་ཌི་སྦག་གིས་མུ་མཐུད་གསར་འགོད་པར་རྒྱལ་ཁབ་དྲུག་གི་གྲོས་མོལ་བསྐྱར་གསོ་ཡོང་བའི་ལས་དོན་སྒྲོམ་གཞིའི་འོག་ལ་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་བར་ལ་གྲོས་མོལ་གནང་རྒྱུའི་ཨ་མི་རི་ཀའི་ཕྱོགས་ནས་མོས་མཐུན་གནང་གི་ཡདོ་པའི་ལངས་ཕྱོགས་བསྐྱར་ཏུ་ནན་བརྗོད་གནང་བ་དང་ཆབས་ཅིག་ཡིན་ནའང་བྱང་ཀོ་རི་ཡས་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་གྱི་ལས་གཞི་ཆ་ཚང་བ་མཚམས་འཇོག་ཡོང་རྒྱུའི་དམིགས་ཡུལ་དེ་ངེས་པར་དུ་ལག་ལེན་འཁྱོལ་བ་དགོས་ཀྱི་རེད་ཅེས་ལན་འདེབས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎